e-texts navigator
Collection
Volume
Page
Wylie

339a1 ཆུབ་སྒྲིབ་པ་གཏིང་དཔག་མེད། །མེ་ལོང་བཞིན་དུ་སྐུ་ལ་སྣང་། །དེ་ནས་ས་བཅུ་རིམ་གྱིས་འབྱུང་། །བླ་མེད་བྱང་ཆུབ་ཡང་དག་འཐོབ། །ཆོས་སྐུ
339a2 དཔག་མེད་བརྗོད་དུ་མེད། །ལོངས་སྤྱོད་ཟད་མེད་རིན་ཆེན་གཏེར། །སྤྲུལ་པ་བྱེ་བ་བསམ་མི་ཁྱབ། །མཚོན་དང་དཔེ་བྱད་ཐམས་ཅད་རྫོགས། །སྤྱོད་ཡུལ་ཀུན་རྩ་མཎྜ
339a3 ལ|་|ཚོགས་ཆེན་གཉིས་ཀྱང་རྫོགས་པར་རོལ། །ཐབས་དང་ཤེས་རབ་ས་ཡི་མཆོག་།དེ་ལ་སོགས་ཏེ་བསམ་ཡས་མཆོག་།སྐྱེ་ཤི་མེད་པའི་གཡུང་དྲུང་སྐུ། །
339a4 ཉོན་མོངས་ཀུན་གྱི་ཞིང་དུ་གནས། །ཟད་མི་ཤེས་ཀྱི་གཏེར་དུ་གྱུར། །རྡོ་རྗེ་རིག་པ་འཛིན་གྱི་སྐུ། །ཐམས་ཅད་དབྱེར་མེད་མཉམ་པའི་སྐུ། །ཐམས་ཅད་མཁྱེན་པའི
339a5 ཡེ་ཤེས་སྐུ། །དེ་ཚེ་སྐུ་ལྔ་ཀུན་ཀྱང་རྫོགས། །ཞེས་བརྗོད་པས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པ་ཐམས་ཅད་དཀྱིལ་འཁོར་བརྗོད་ཀྱིས
339a6 མི་ལང་བ་ཞིང་གི་རྡུལ་སྙེད་དུ་གསལ་བར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་གཉིས་སུ་མེད་པའི་ཡོན་ཏན་ཆེན་པོའི་དཀྱིལ
339a7 འཁོར་དེ་དག་ཉིད་ཀྱི་གསང་བ་འདི་ཉིད་སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་། ། ཧོ། །དམིགས་བྱ་དམིགས་མེད་མི་དམིགས་དཔག




iiif viewer powered by OpenSeadragon

338b - 339b

Texts on this page

H798 - gsang ba'i snying po de kho na nyid nges pa