| | e-texts navigator
|
335b1 བརྟེན|་|གཞན་དུ་ནམ་ཡང་སྦྱིན་མི་བྱ། །ཞེས་ཉིད་ལ་ཡང་ཉིད་བརྗོད་དོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཁམས་ཉི་ཤུ་རྩ་གཅིག་ཏུ་བསྡུས་ནས
335b2 ཐམས་ཅད་མ་ལུས་པར་དབྱིངས་སུ་བཀོད་པའི་ལེའུ་སྟེ་བདུན་པའོ། ། །།དེ་ནས་ཡི་གེའི་དཀྱིལ་འཁོར་གྱི་སྤྲིན་བཀོད་པ་ལས་སྒྱུ་འཕྲུལ་རྣམ་པར་སྤྲོས
335b3 པ་འདི་ཆེད་དུ་བརྗོད་དོ། །རྩ་བ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །སྒྱུ
335b4 འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས། །དྲ་བའི་དཀྱིལ་འཁོར་མངོན་རྫོགས་པས། །ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །དཀྱིལ་འཁོར་ཐམས་ཅད་གྲུབ་པར་འགྱུར།།
335b5 བདུད་རྩིར་འབྱུང་ཞིང་འབྱུང་བ་དང་། །བཞི་བརྒྱ་རྩ་བཞིའི་ནད་སེལ་ཅིང་། །ལོངས་སྤྱོད་འབྱུང་ཞིང་ངན་སོང་སྦྱོང་། །ཅི་ཡང་གཞན་དུ་འགྱུར་བར་འགྲུབ། །ནམ་མཁའ
335b6 རྡོ་རྗེ་སྲ་འབྱུང་ཞིང་། །འབར་ནས་མེ་ཡང་འཚིག་པ་དང་། །ཆུར་འགྱུར་འབབ་པའང་དེ་བཞིན་ཏེ། །འཇིག་རྟེན་ཁམས་ནི་གཏོར་བ་དང་། །ཐམས་ཅད་སྟོང་ཤིང་ལྷུང
335b7 བར་འགྱུར། །དགུག་དང་གཏང་དང་བཅིང་དང་དགྲོལ། །གསོ་དང་གསད་དང་ཕམ་དང་རྒྱལ། །ཏིང་འཛིན་འདི་ཡིས་བྱེད་པར་འགྱུར། །དེ་ཉིད་ཡེ་ཤེས་རང
iiif viewer powered by OpenSeadragon
335a - 336a