| | e-texts navigator
|
331b1 དང་|་|འཇའ་ཚོན་སྤྲིན་མང་སྣ་ཚོགས་འཁྲུགས་གྱུར་ཀྱང་། །ནམ་མཁའི་དབྱིངས་ལ་གྱུར་ཅིང་ཉམས་པ་མེད། །མི་དམིགས་ཆོས་ཀྱི་དབྱིངས་ནི་བསམ་ཡས་པར།
331b2 སྐུ་གསུང་ཡོན་ཏན་འཕྲིན་ལས་རྨད་བྱུང་དང་། །འཇིག་རྟོག་གཙོ་མཆོག་མ་ལུས་ཐམས་ཅད་དང་། །འཁྲུལ་འཁོར་སྡུག་བསྔལ་སྣ་ཚོགས་རྣམ་མང་ཡང་། །དེ
331b3 བཞིན་ཉིད་ལ་འཕེལ་ཞིང་བྲི་བ་མེད། །ཅེས་རྡོ་རྗེ་གསང་བའི་ཚིག་ཏུའོ། །རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས། ཐམས་ཅད་ལ་ཆོས་ཉིད་ཀྱི་རྒྱུ་ཡོད་པ་དང་། རིགས
331b4 རྒྱུད་ཚད་པ་དང་། རིགས་རྒྱུད་སོ་སོར་དབྱེ་བའི་མདོར་བཤད་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པ་གཅིག
331b5 ཏ་ཨུ་གྱུར་ནས་མཉམ་པ་ཆེན་པོའི་ཚུལ་རྡོ་རྗེའི་དབྱིངས་སུ་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ཏིང་ངེ་འཛིན་ལས་མི་གཡོ་བར་ཆོས་ཐམས་ཅད་མིང་ཙམ་དུ
331b6 གནས་པའི་ཡི་གེ་ཕྲེང་བ་འཁོར་ལོ་ཞེས་བྱ་བ་འདི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །། རབ་ཏུ་བརྟན་གྱུར་ཨ་དཀར་ལས། །ཤིན་ཏུ་ཕྲ་བའི་ཨ་རྣམས་སྤྲོ།།
331b7 ཕྱོགས་ཀུན་གང་བར་གསལ་གྱུར་ནས། །བསྡུས་ཀྱང་འཕེལ་འགྲིབ་མེད་པར་བསྟན། །དེ་ལས་མིང་ཆགས་གསལ་བར་ཀུན། །སྤྲོ་ཞིང་བསྡུ་བའང་དེ་བཞིན་ནོ། །འདི
iiif viewer powered by OpenSeadragon
331a - 332a