| | e-texts navigator
|
324b1 པོ་དང་། དེ་བཞིན་གཤེགས་པ་ཚོར་བའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་འདུ་ཤེས་ཀྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་འདུ་བྱེད་ཀྱི་རྒྱལ་པོ་དང་།།
324b2 དེ་དག་ཀུན་ཀྱང་མཐིང་ག་དང་། དཀར་པོ་དང་། སེར་པོ་དང་། ལེ་བརྒན་དང་། ལྗང་ཁུའི་མདོག་ཏུ་འཚེར་བ། བཙུན་མོ་དམ་པའི་སྣང་བའི་དབྱིངས་དང་།
324b3 སྲ་བའི་དབྱིངས་དང་། མཉེན་པའི་དབྱིངས་དང་། དྲོ་བའི་དབྱིངས་དང་། བསྐྱོད་པའི་དབྱིངས་ལ་སོགས་པ་བཙུན་མོའི་ཚོགས་དང་གཉིས་སུ་མེད་པའི་ཆོས
324b4 ཀྱི་དབྱིངས་ཀུན་ཏུ་མཐའ་ཡས་པར་ཁྱབ་པ་ནི། འདི་ལྟ་སྟ། དཔེར་ན། ཏིལ་གྱི་གང་བུ་བཞིན་དུ་གང་ནས་ཁྱབ་པར་བཞུགས་སོ། །དེ་ནས་བྱང་ཆུབ་ཆེན་པོ་རྡོ་རྗེ
324b5 མཐོང་བ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་པ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་སྣོམ་པ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་མྱོང་བ་དང་། བཙུན་མོ་མཐོང་བར་བྱ་བ་དང་།མཉན
324b6 པར་བྱ་བ་དང་། བསྣོམ་པར་བྱ་བ་དང་། མྱོང་བར་བྱ་བའི་ཚོགས་དང་། བྱང་ཆུབ་ཆེན་པོ་མཐོང་བྱེད་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་བྱེད་དང་། བྱང་ཆུབ
324b7 ཆེན་པོ་རྡོ་རྗེ་སྣོམ་པ་དང་། བྱང་ཆུབ་ཆེན་པོ་མྱོང་བ་དང་། བཙུན་མོ་འདས་པ་དང་། ད་ལྟར་བྱུང་བ་དང་། མ་བྱོན་པའི་ཚོགས་དང་། འཇོམས་པ
iiif viewer powered by OpenSeadragon
324a - 325a