e-texts navigator
Collection
Volume
Page
Wylie

203b1 མྱོས་པ་དང་། གཅིག་པུ་སྤྱོད་མ་དང་། ཡིད་འཕྲོག་མོ་དང་། གྲུབ་མོ་དང་། རླུང་མོ་དང་། གསོད་བྱེད་མ་དང་། མེ་མོ་དང་། ཕག་མོ་དང་། རྒན་བྱད་མོ་དང་།
203b2 སྣ་ཆད་མོ་དང་། ཆུ་ལྷ་མོ་དང་། ནག་མོ་ཆེན་མོ་དང་། ར་མགོ་དམར་སེར་ཆེན་མོ་དང་། བུམ་སྣ་སྔོ་ནག་མོ་དང་། གསུས་འཛིན་སེར་ནག་ཆེན་མོ་ལ་སོགས་པ་བྲན
203b3 དང་ཡང་བྲན་དང་། གཡོག་དང་ཡང་གཡོག་དང་། འཁོར་ཞིང་གི་རྡུལ་རྙེད་བསྡུས་སོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་ཆེན
203b4 པ་ཨོས་འདུལ་བའི་ཐབས་ཀྱིས་ཡང་རིགས་ལྔའི་འཇིགས་བྱེད་ཆེན་པོར་སྣང་བར་བྱས་ནས་དེ་དག་ཀུན་དགྱེས་པར་རོལ་པའི་དཀྱིལ་འཁོར་སྤྲིན་འབྱུང་བ་ཞེས་བྱ་བའི
203b5 ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་འདི་དག་ཕྱུང་ངོ་། །ོཾ་ཨཱཾཿཧཱུཾ་བཛྲ་པྲ་བེ་ཤ་ཨ་ལ་ལ་ཧོཿཞེས་བརྗོད་པས
203b6 འ་བྱུང་མོའི་རྒྱལ་མོ་རྣམས་ཤིན་ཏུ་ཆགས་པའི་ཡིད་གཡོས་ནས་པདྨའི་དཀྱིལ་འཁོར་སྡུད་ཅིང་རྒྱས་པར་གྱུར་ནས་དཔེར་ན་ཁབ་ལེན་ལ་ལྕགས་འདུ་བའི་ཚུལ་དུ
203b7 བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་ཆེན་པོ་རྡོ་རྗེའི་སྐུ་ལ་སྲིན་མོ་ཆེན་མོ་མིའི་སྲིན་མོ་དང་། དམར་མོ་དང་། དགའ་བ་མོ་དང་། གསོད་བྱེད་མོ




iiif viewer powered by OpenSeadragon

203a - 204a

Texts on this page

H796 - dpal gsang ba'i snying po de kho na nyid rnam par nges pa