| | e-texts navigator
|
194a1 ཀྱི་དམ་པ་འགྲུབ། །དེ་ཚེ་བཅུ་དྲུག་ཚུན་ཆད་ཀྱིས། །སྐུ་ལྔ་ལྷུན་གྱིས་རྫོགས་པ་ནི། །ཡེ་ཤེས་ཐིག་ལེ་ཉིད་སྣང་བ། །བསམ་གྱིས
194a2 མི་ཁྱབ་མཐའ་ཡས་མཆོག་། ཕྱོགས་བཅུ་དུས་བཞི་མངོན་རྫོགས་པའི། །ཞིང་ཁམས་རྣམ་དག་བསམ་ཡས་པའི། །རྒྱ་དང་བྲལ་བའི་གཞལ་ཡས་ཁང་།།
194a3 འཁོར་ལོའི་རྒྱན་དང་རོལ་མོའི་ཚོགས། །དཀྱིལ་འཁོར་མ་ལུས་བསམ་ཡས་ཀུན། །མཐོང་ནས་ཉེ་བར་མཉེས་པ་དང་། །རྒྱ་ཆེན་གསུང་ལས་དོན
194a4 འབྱུང་བ། །མཐུན་པའི་ཤེས་རབ་སྣང་བ་འོ། །གཅིག་དང་དུ་མར་བྲལ་བ་ཡི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཏེ།།
194a5 རང་བྱུང་ཡེ་ཤེས་གནས་མེད་སྣང་། །ལོག་པར་རྟོག་བརྟགས་རྣམ་དག་ཅིང་། །ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར། །ཐུགས་རྗེ་ཆེན་པོས་འབྲེལ་བས
194a6 ན|་|འགྲོ་དྲུག་དུས་གནས་མ་ལུས་སྣང་། །བདེ་བ་ཆེན་པོའི་དཀྱིལ་འཁོར་ན། །སྟངས་དབྱལ་གཉིས་སམ་ཡང་ན་ལྔ། །བྱས་ཏེ་དད་ལྡན་རབ་བཞུགས་ན། །འདོད
194a7 པའི་ཡིད་འོང་མཉམ་པར་འགྱུར། །སྐལ་བ་མཉམ་པའི་ཡེ་ཤེས་དེ། །གཉེར་ན་ཉེ་བར་འབྱུང་བ་ཡིན། །ཡ་མཚན་ཆེན་པོ་འབྱུང་བར་ངེས། །དད་མེད་ཉམས་ན
iiif viewer powered by OpenSeadragon
193b - 194b