e-texts navigator
Collection
Volume
Page
Wylie

184a1 དྭགས་སུ། །ཻ་ནི་རྡུལ་སྙེད་དམྱལ་བ་རྣམས། །ོཾ་ནི་ཐམས་ཅད་འཇིག་པར་བྱེད། །ཽ་ནི་ཐམས་ཅད་ཞིག་པ་ཡིན། །ཡི་གེ
184a2 འཁོར་ལོ་ཚོགས་ཆེན་འདི། །སྐུ་གསུང་ཐུགས་ཀྱི་ཕྲེང་བས་བསྡུས། །ཞེས་བརྗོད་དོ། ། ཧོཿདེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང
184a3 གཉིས་སུ་མེད་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱིས་གསང་བ་འདི་ཉིད་སྐུ་དང་། གསུང་དང་། ཐུགས་དང་། ཡོན་ཏན་འཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་།
184a4 ཨ་ཧོཿཐབས་དང་ཤེས་རབ་དགྱེས་སྤྲིན་བྱང་ཆུབ་སེམས་ཚོགས་རྒྱུ་འཁོར་ལོ། །འབྲས་བུ་རྒྱལ་བ་སྨིན་གྲུབ་ངོ་མཚར་མིང་ཚོགས་བཞི་བཅུ་གཉིས།།
184a5 འདུས་མ་བྱས་ཉིད་འདུས་བྱས་རྡོ་རྗེ་དཀྱིལ་འཁོར་འབྱིན་པའི་དམ། །འདའ་བར་མི་མཛད་དབང་མེད་རྒྱུ་རྐྱེན་ཚོགས་པའི་མཐུ་ཆེན་ཡིན། །ཧོཿརྡོ་རྗེ
184a6 གསང་བའི་ཚིག་ཏུའོ། །ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཡི་གེའི་འཁོར་ལོར་གྱུར་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ
184a7 ལས|་ཡི་གེ་ཕྲེང་བའི་འཁོར་ལོ་བསྐོར་བའི་ལེའུ་སྟེ་བཞི་པའོ། ། །།དེ་ནས་ཡི་གེ་འཁོར་ལོ་སྤྲིན་བཀོད་པ་ལས་སྒྱུ་འཕྲུལ་རྣམ




iiif viewer powered by OpenSeadragon

183b - 184b

Texts on this page

H796 - dpal gsang ba'i snying po de kho na nyid rnam par nges pa