| | e-texts navigator
|
182b1 གཡོ་བར་ཆོས་ཐམས་ཅད་མིང་ཙམ་དུ་གནས་པའི་ཡི་གེ་ཕྲེང་བའི་འཁོར་ལོ་ཞེས་བྱ་བ་འདི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །། རབ་ཏུ
182b2 བརྟན་གྱུར་ཨ་དཀར་ལས། །ཤིན་ཏུ་ཕྲ་བའི་ཨ་རྣམས་སྤྲོ། །ཕྱོགས་བཅུ་གང་བར་གསལ་གྱུར་ནས། །བསྡུས་ཀྱང་འཕེལ་འགྲིབ་མེད་པར་བསྟན། །དེ་ལས
182b3 མིང་ཚོགས་གསལ་འབར་ཀུན། །སྤྲོ་ཞིང་བསྡུ་བའང་དེ་བཞིན་ནོ། །འདི་ནི་རྡོ་རྗེ་དངོས་གྲུབ་ཀྱི། །བརྟན་བྱུང་ཡེ་ཤེས་རྒྱུ་ཡིན་ནོ། ། ཨཱ། ཀ་ཁ་ག་གྷ་ང་། ཙ་ཚ
182b4 ཛ་ཛྷ་ཉ|་ཊ་ཋ་ཊ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ཀྵཿ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཱ+ཻ། ཨོ་ཨཽ། །འདི་དག་ཕྱུང་བས་འཇིག་རྟེན
182b5 དྲུག་གི་ཕྱོགས་བཅུ་མཐའ་ཡས་པ་རྣམ་པ་དྲུག་ཏུ་གཡོས། །རབ་ཏུ་གཡོས། །ཀུན་ཏུ་རབ་ཏུ་གཡོས་ནས་ཆོས་ཐམས་ཅད་མིང་གི་མཚན་ཉིད་ཙམ་དུ་གྱུར་ཏོ། །
182b6 ཧོཿ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ནི་སྟོང་དང་མི་སྟོང་གི་།དབུ་མའང་དམིགས་སུ་ཡོད་མ་ཡིན། །ཐམས
182b7 ཅད་མིང་ཙམ་སངས་རྒྱས་ཀུན། །ཡི་གེ་ཕྲེང་བ་ཉིད་ལ་གནས། ། ཉིད་སྣ་ཚོགས་པར་སྣང་བའི། །ཀ་ལ་སོགས་པ་བཞི་བཅུ་གཉིས། །སྒྲ་ཡི་མིང་གིས་ཐམས་ཅད
iiif viewer powered by OpenSeadragon
182a - 183a