e-texts navigator
Collection
Volume
Page
Wylie

181a1 ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་དང་། བླ་ན་མེད་པའི་ཐེག་པས་མ་རིག་པའི་རྣམ་པར་རྟོག་པ་ཉོན་མོངས་པ་སྟོང་ཕྲག
181a2 བརྒྱད་ཅུ་རྩ་བཞིའི་གཉེན་པོར་ཆོས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་རོ། །དེ་དག་ཐམས་ཅད་ཀྱང་གཟུང་བ་དང་། འཛིན
181a3 པའི་ཕྱི་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་དང་། འཛིན་པ་འཁྲུལ་པ་ལས་འདོགས་པ་དང་། ལས་དང་ལས་ཀྱི་འབྲས་བུ་ཆུད་མི་ཟ་བ་དང་། ལས་དང་ལས
181a4 ཀྱི་འབྲས་བུས་མི་གོས། གོས་པར་མི་འགྱུར། གོས་སུ་མེད་པར་སྟོན་པའི་མཐར་ཐུག་གོ་།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆེད་དུ་བརྗོད་པ
181a5 འདི་བརྗོད་དོ། །ཇི་སྙེད་འཇིག་རྟེན་འཁྲུལ་པའི་ཆོས། །མ་རིག་རྟོག་པའི་གཟུང་འཛིན་གྱིས། །ཕྱི་ནང་རྟེན་འབྲེལ་གཉིས་སུ་འཁོར། །མི་མཐུན་བདེ་སྡུག
181a6 མྱོང་བར་འགྱུར། །རང་བཞིན་ཉིད་ལས་ཉམས་པ་མེད། །ཡང་དག་སྒྱུ་མའི་ཚུལ་གཉིས་སུ། །བདག་དང་བདག་གི་གཞན་མེད་དེ། །རྣམ་དག་དབྱིངས་ཉིད
181a7 ཚུལ་གཅིག་གོ་། བདག་དང་བདག་གི་གཞན་རྣམས་ནི། །ལོག་པར་རྟོག་པ་ཙམ་ཉིད་ལས། །ཕྲ་ཞིང་ཟབ་པའང་ཡོད་མ་ཡིན། །ལོག་རྟོག་ཉིད་ལ་ཉིད་སྤྱོད་དེ།།




iiif viewer powered by OpenSeadragon

180b - 181b

Texts on this page

H796 - dpal gsang ba'i snying po de kho na nyid rnam par nges pa