e-texts navigator
Collection
Volume
Page
Wylie

202a1 དང་ཤེས་རབ་ཟུང་དུ་འབྲེལ་བའི་རྟགས། །ཕྱག་གཡས་ཤང་ལང་ནག་པོ་བསྣམས་པ་ནི། །སྡུག་བསྔལ་སྐྱེ་ཤི་རྩད་ནས་གཅོད་པའི
202a2 རྟགས། །ཕྱག་གཡོན་ཐོད་རློན་དམར་ཆེན་འཐུང་བ་ནི། །འཁོར་བའི་སྡུག་བསྔལ་ཁྲག་ལྟར་འཐུང་བའི་རྟགས། །བོང་བུ་ག་པ་བྱིན་ཕྱོགས་ཞོན་པ་ནི། །ལོག་པར་ལྟ་བའི
202a3 སེམས་ཅན་སྒྲོལ་བའི་རྟགས། །སྲིན་པོའི་ཨོག་མས་སྔ་རུ་བྱས་པ་ནི། །སྲིན་ཡུལ་ལངྒ་པུ་རངས་འདུལ་བའི་རྟགས། །སྦྲུལ་ནག་ཆུན་པོས་གོང་རྨེད་བྱས་པ་ནི། །ཞེ
202a4 སྡང་དབང་གི་བགེགས་རིགས་འཇོམས་པའི་རྟགས། །རུས་སྦལ་ནག་པོའི་ཕོབ་ཏུ་བཏང་བ་ནི། །ཀླུ་བདུད་ནག་པོ་དམ་ལ་བཏགས་པའི་རྟགས། །སྔ་ཤ་གཡས་པ་བདུད་ཀྱི
202a5 ཁྲམ་བམ་ནི། །དམ་ཚིག་ཉམས་པ་ཁྲམ་པ་འདེབས་པའི་རྟགས། །ཕྱི་ཤར་ནད་ཀྱི་རྒྱལ་པ་བཏགས་པ་ནི། །བསྟན་པ་འདི་ལ་གནོད་པའི་དགྲ་བོ་ལ། །ནད་ཀ་འབེབས
202a6 ཤིང་དལ་ཁ་སྒྱུར་བའི་རྟགས། །དོན་དམ་བཅུད་ཀྱི་རྟགས་སུ་ཞག་གི་ཟོར་རིས་བཏད། །ཐུགས་རྗེ་ཆགས་པའི་རྟགས་སུ་རཀྟའི་ཐིག་ལས་བརྒྱན། །འདུལ་བྱེད་འཕྲིན
202a7 ལས་རྟགས་སུ་ཐལ་བའི་མཚན་མས་བཏབ། །མ་མོ་འབུམ་ཕྲག་བྲན་དུ་ཁོལ་བ་ནི། །ཁམས་གསུམ་ཁྱབ་པར་འཕྲིན་ལས་མཛད་པའི་རྟགས། །མ་གཅིག་ཁ་ནས




iiif viewer powered by OpenSeadragon

201b - 202b

Texts on this page

H638 - dpal lha mo nag mo'i bstod pa rgyal po'i rgyud