| | e-texts navigator
|
186b1 དེ་བཞིན་དུ་གོས་སྲབ་མོའི་སྟོད་གཡོགས་ཅན། ཁ་དོག་སྣ་ཚོགས་ཀྱི་ཤམ་ཐབས་དང་ལྡན་པའོ། །དེ་ནས་འོག་ཕྱོགས་སུ་སྒྲུབ་པ་པོ་ལག་ན་མཆོད་པའི་ཆོ་ག་བྱའོ། །དེ་ནས་སྒྲུབ་པ་པོས་གཙང་སྦྲ་བྱས་གོས་གཙང་མ་གྱོན་ཏེ་གསོ་སྦྱོང་ཡན་ལག
186b2 བརྒྱད་བྱའོ། །དེའི་མདུན་དུ་བསྙེན་པ་འབུམ་ཕྲག་གཅིག་བྱས་ལ་ཇི་ལྟར་འབྱོར་པས་མཆོད་པའི་ཆོ་ག་བྱའོ། །དེ་ནས་སྒྲུབ་པ་པོ་དང་ལྡན་པས་སྨྱུང་བ་བྱས་ཏེ་ཞིང་གི་དབུས་སུ་ཐང་སྐུ་བཞུགས་སུ་གསོལ་ཏེ། དྲི་དང་། མེ་ཏོག་དང་། བདུག་པ
186b3 དང་། ཉེ་བར་ལོངས་སྤྱོད་པའི་གཏོར་མ་བྱས་ལ་བརྒྱད་བརྒྱ་བཟླས་པར་བྱའོ། །ཐང་གའི་འོག་ཏུ་ལན་བརྒྱ་རྩ་གཅིག་གིས་སྔགས་བྱས་པའི་བུམ་པ་ཆུས་ཡོངས་སུ་གང་བ་བཞག་པར་བྱའོ། །བུམ་པའི་ཆུས་གཏོར་མ་བཏང་ཞིང་།
186b4 གླེང་བུ་དང་། ཐོང་འཛིན་གཉིས་ལ་གཏོར་བར་བྱའོ། །གླེང་བུའི་མགུལ་པ་དང་། ཐོང་འཛིན་གྱི་མགུལ་པར་མེ་ཏོག་གི་ཕྲེང་བ་གདགས་པར་བྱའོ། །དེ་རྣམས་ཀྱི་མདུན་དུ་སྔགས་པས་ཆུའི་རྒྱུན་ཞིང་ལ་ལན་གཡས་ལོགས་སུ
186b5 བསྐོར་བར་བྱ་བ་ནི་སྔགས་པས་མདུན་དུ་འགྲོ་ཞིང་སྔགས་པའི་རྟིང་ནི་ཞིང་རྨོར་འགྲོ་བར་བྱའོ། །ཕྱིས་ས་བོན་འདེབས་པའི་དུས་སུ་ཆོ་ག་འདིས་བརྒྱད་བརྒྱ་བསྔགས་ལ་ས་བོན་སྦར་བ་གང་ལ་ལན་བདུན་བཟླས་ཏེ་ཞིང
186b6 ལ་གཏོར་བར་བྱའོ། །ས་བོན་གདབ་པའི་ཆོ་གའོ། །དེ་ནི་ཞིང་བརྔ་བའི་དུས་སུ་ཡང་ཆོ་ག་འདིས་བྱའོ། །ཆོ་ག་ལྷག་པོ་ནི་འདིར་དགེ་སློང་བཞི་ལ་ཞིང་གི་མཚམས་བཞིར་ཅི་འདོད་ཀྱི་སྟོན་མོ་བྱས་ཏེ། དེ་ནས་སྔགས་པས
186b7 ཆང་བ་བདུན་བཟླས་པ་བྱེད་ཅིང་། བརྔ་བ་ནི་ལོ་ཏོག་རྩ་བ་བྱ་བའི་ཆོ་གའོ། །ད་ནི་གཡུལ་འཆག་པ་བྱ་བའི་ཆོ་ག་བཤད་པར་བྱ་སྟེ། གཡུལ་འཆག་པའི་དུས་སུ་སྔགས་པས་རང་ཉིད་གཙང་སྦྲ་བྱས་ལ་གོས་གཙང་མགོན་ལ་ཤར་དུ་ཞལ
iiif viewer powered by OpenSeadragon
186a - 188a