| | e-texts navigator
|
185b1 ལྟར་ཚངས་སྤྱོད་བྱ་ཞིང་། །ཁ་ན་མ་ཐོ་བའི་ཟས་ཆང་དང་། ཉ་ཤ་ལ་སོགས་པ་སྦངས་ཤིང་མཚན་མོ་བཟླས་པ་བྱས་ན། དབུལ་པོར་མི་འགྱུར་རོ། །དེ་ནས་བཅོམ
185b2 ལྡན་འདས་ལ་འཕགས་པ་ཀུན་དགའ་བོ་དང་། ཟླ་བ་བཟང་པོ་ཡོངས་སུ་དགའ་ནས་ཁྱིམ་བདག་ཟླ་བ་བཟང་པོའི་དོན་དུ་གསུངས་པ་ལ་མངོན་པར་བསྟོད་དོ། །བཅོམ
185b3 ལྡན་འདས་མ་ནོར་རྒྱུན་མའི་རྟོག་པ་རྫོགས་སོ། ། །།ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་པ་སུ་དྷ་རེ་སྭཱཧཱ། སྙིང་པོའོ། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་བཱ་སུ་ཤྲཱི
185b4 སྭཱ་ཧཱ། ཉེ་བའི་སྙིང་པོའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་བཱ་སུ་སྭཱཧཱ། ཉེ་བའི་སྙིང་པོའི་ཡང་ཉེ་བའི་སྙིང་པོའོ། །ཐལ་མོ་སྦྱར་ཏེ་གུང་མོ་གཉིས་དང་། དེ་ནས
185b5 སྲིན་ལག་གཉིས་དང་། མཐེའུ་ཆུང་གཉིས་གཤིབས་ཏེ་བསྡིགས་མཛུབ་ཕན་ཚུན་སྦྲེལ་ལ། མཐེའུ་ཆུང་གཉིས་ཅུང་ཞིག་བསྣོལ་ཏེ་རྩེ་མོ་གཉིས་རྒྱབ་སྤྲད
185b6 དེ་ཁབ་ལྟ་བུ་བྱས་ལ། གུང་མོ་རྩེ་སྤྲད་པ་ལ་མཐེབ་མོ་ཟུང་གཅིག་དེའི་འོག་ཏུ་སྦྱར་ཏེ་རེག་པ་བཅས་པ་ནི། རབ་ཏུ་གཟུང་བའི་རྟོག་པ་ལས་གསུངས་པ་སྟེ། ལས
185b7 ཐམས་ཅད་སྒྲུབ་པའི་བཅོམ་ལྡན་འདས་མ་ནོར་རྒྱུན་མའི་གཟུངས་འདི་ཐུབ་པས་གསུངས་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཤྲཱི་ཀ་རི། དྷ་ན་ཀ་རི་དྷ་ན་ཀ་རི་སྭཱཧཱ།
iiif viewer powered by OpenSeadragon
185a - 186a