e-texts navigator
Collection
Volume
Page
Wylie

151a1 ཚུར་ཤེག་སྭཱཧཱ། ཀླུའི་རྒྱལ་པོ་མདོངས་བུ་ལ་ཡང་དག་པར་བསྐུལ་ལོ། །སངས་རྒྱས་ཀྱི་བདེན་པས་འཛམ་བུའི་གླིང་འདིར
151a2 ཆར་རབ་ཏུ་ཕོབ་ཅིག་སྭཱཧཱ། ཀླུའི་རྒྱལ་པོ་དཔལ་གྱིས་གཟི་བརྗིད་ལ་ཡང་དག་པར་བསྐུལ་ལོ། །ཆོས་ཀྱི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ
151a3 ཅིག་སྭཱཧཱ། ཀླུའི་རྒྱལ་པོ་མཐའ་ཡས་ལ་ཡང་དག་པར་བསྐུལ་ལོ། །དགེ་འདུན་གྱི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སྭཱཧཱ། ཀླུའི
151a4 རྒྱལ་པོ་ནོར་རྒྱས་ཀྱི་བུ་ལ་ཡང་དག་པར་བསྐུལ་ལོ། །ལག་ན་རྡོ་རྗེའི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སྭཱཧཱ། ཀླུའི་རྒྱལ་པོ
151a5 འཇོག་པོ་ལ་ཡང་དག་པར་བསྐུལ་ལོ། །ཚངས་པའི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སྭཱཧཱ། ཀླུའི་རྒྱལ་པོ་དཔལ་མགྲིན་ལ
151a6 ཡང་དག་པར་བསྐུལ་ལོ། །དབང་པོའི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སྭཱཧཱ། ཀླུའི་རྒྱལ་པོ་ས་སྲུང་གི་བུ་ལ་ཡང་དག་པར་བསྐུལ
151a7 ལོ། །ཁྱབ་འཇུག་གི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སྭཱཧཱ། ཀླུའི་རྒྱལ་པོ་ཕྲེང་བ་ཅན་ལ་ཡང་དག་པར་བསྐུལ་ལོ། །དྲག་པོའི་བདེན




iiif viewer powered by OpenSeadragon

150b - 151b

Texts on this page

H626 - 'phags pa sprin chen po rlung gi dkyil 'khor gyi le'u klu thams cad kyi snying po zhes bya ba theg pa chen po'i mdo