| | e-texts navigator
|
5a1 མཛད། །བརྒྱ་བྱིན་ལྷར་བཅས་བདེ་ལེགས་དང་། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག་།སངས་རྒྱས་བསོད་ནམས་མཐུ
5a2 དག་དང་། །ལྷ་རྣམས་ཀྱིས་ནི་བསམ་པ་ཡིས། །ཁྱེད་རྣམས་དོན་འདོད་གང་ཡིན་པ། །དོན་དེ་དེ་རིང་གྲུབ་གྱུར་ཅིག་།རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག་།རྐང་བཞི
5a3 ཁྱེད་ཅག་བདེ་ལེགས་ཤོག་། ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག་།ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག་།ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང
5a4 ལའང་བདེ་ལེགས་ཤིང་། །ཁྱེད་ཅག་ཀུན་ཏུ་བདེ་ལེགས་ཤོག་།ཁྱེད་ཅག་སྡིག་པར་མ་གྱུར་ཅིག་།སངས་རྒྱས་ལྷ་རྣམས་སྟོང་དག་གིས། །ཡོངས་སུ་བསྐོར་ཏེ
5a5 གཤེགས་མཛད་ཀྱིས། །སྡང་སེམས་ལྡན་པ་རྣམས་བྱེར་ཅིག་།སྙིང་རྗེའི་བདག་ཉིད་ཅན་རྣམས་འཁོད། །སངས་རྒྱས་རང་སངས་རྒྱས་རྣམས་དང་། །དགྲ་བཅོམ
5a6 སློབ་པའི་བདེན་ཚིག་གིས། །འཇིག་རྟེན་མི་ཕན་བྱེད་པ་རྣམས། །གྲོང་ཁྱེར་འདི་ནི་གཏོང་གྱུར་ཅིག་།སེམས་ཅན་ཀུན་དང་སྲོག་ཆགས་ཀུན། །འབྱུང་པོ་ཀུན་དང་ཁྱེད
5a7 ཅག་ཀུན། །བདེ་བ་འབའ་ཞིག་ལྡན་གྱུར་ཅིག། ཐམས་ཅད་ནད་རྣམས་མེད་པར་ཤོག་།ཀུན་གྱིས་བཟང་རྣམས་མཐོང་གྱུར་ཅིག་།གང་ཡང་སྡིག་པར་མ་གྱུར་ཅིག་།
iiif viewer powered by OpenSeadragon
4b - 5b