e-texts navigator
Collection
Volume
Page
Wylie

472b1 པ་འཇམ་དཔལ་གྱི་སྔགས་ཡི་གེ་འབྲུ་གཅིག་པའི་ཆོ་ག་། ཏདྱ་ཐཱ། ཨོཾ་ཀྵྞཱིཾ། གསང་སྔགས་ཡི་གེ་འབྲུ་གཅིག་པ་འདི་ནི་རབ་ཏུ་གསང་བ་སྟེ། དོན་ཐམས་ཅད་སྒྲུབ་པར་བྱེད
472b2 པ|་ལས་ཐམས་ཅད་བྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ། རེ་བ་ཐམས་ཅད་ཡོངས་སུ་སྐོང་བར་མཛད་པ་སྟེ། སོ་ཤིང་ལ་སྔགས་ནས་བཅངས་ན་སོ
472b3 ན་བ་འབྱང་ངོ་། །མིག་ན་བ་ལ་རྒྱ་མ་ཚྭ་བཏགས་པ་ལ་ལན་བདུན་སྔགས་ཏེ་མིག་བཀང་ན་མིག་ནད་སེལ་ཏོ། །མིའི་ཁོང་དུ་མཚོན་གྱི་དུམ་བུ་ལུས་པ་ལ་ཞུན་མར་རྙིང་པ་ལ་ལན
472b4 བདུན་ནམ། བརྒྱ་རྩ་བརྒྱད་སྔགས་སྟེ་བླུད་པའམ། རྨ་ཁར་བསྐུས་ན་མཚོན་གྱིས་དུམ་བུ་འབྱུང་བར་འགྱུར་རོ། །ཟས་མ་ཞུ་བ་དང་། སྤོས་ཏེ་གསུད་པ་དང་། ཚད་པས་འཁྲུ་བ
472b5 ལ་མུ་རང་ཚྭའམ། རྒྱ་མཚོའམ། ཡང་ན་ལན་ཚྭ་གཞན་གང་ཡང་རུང་བ་ལ་ལན་བདུན་སྔགས་ཏེ་ཟོས་ན་ནད་དེ་ལས་གྲོལ་ཏེ་དེ་ཉིད་ཀྱི་ཉིན་པར་སོས་པར་འགྱུར་རོ། །ཀླད
472b6 པ་ན་པ་ལ་བྱ་རོག་གི་སྒྲོ་ལ་ལན་བདུན་སྔགས་ཏེ་བྱབས་ནས་ནང་དེ་སོས་པར་འགྱུར་རོ། །འཇམ་དཔལ་གྱི་ཡི་གེ་འབྲུ་གཅིག་པའི་གཟུངས་རྫོགས་སོ།། །།
472b7 རྒྱ་གར་སྐད་དུ། ཨཱཪྱ་པྲ་ཛྙཱཾ་པ་ར་མི་ཏཱ་ནཱ་ཀ་ཨཱཥྚ་ཤ་ཏ་ཀ་ན། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་བརྒྱ་རྩ་བརྒྱད་པ། བཅོམ་ལྡན་འདས




iiif viewer powered by OpenSeadragon

472a - 473a

Texts on this page

H511 - 'phags pa shes rab kyi pha rol tu phyin pa'i mtshan brgya rtsa brgyad pa zhes bya ba
H510 - 'phags pa 'jam dpal gyi sngags yi ge 'bru gcig pa'i cho ga
H509 - 'jam dpal gyis dam bcas pa'i gzungs