e-texts navigator
Collection
Volume
Page
Wylie

447a1 ཕྱིར་ལེགས་པར་ཤིན་ཏུ་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དང་། ཕན་པ་དང་། བདེ་བའི་ཕྱིར
447a2 ཞུགས་པ་དང་། ལྷ་དང་། མི་རྣམས་དང་། འཇིག་རྟེན་ལ་རབ་ཏུ་བརྩེ་བའི་ཕྱིར་ངས་ཁྱོད་ལ་བཤད་དོ། །སྤྱོད་པ་ཐམས་ཅད་ལ་ཞུགས་པ་དང་། བྱང་ཆུབ་ཀྱི་ལམ
447a3 དང་། ཐམས་ཅད་ཤེས་པ་དང་། ཆོས་ཀྱི་དབྱིངས་ལ་འཇུག་པ་དང་། འཕགས་པ་འཇམ་དཔལ་གྱི་སྐུལ་གནས་པར་འདོད་པ་རྣམས་ཀྱིས་རིག་པའི་རྒྱལ་པོ
447a4 མཆོག་ཏུ་གསང་བ། གཞོན་ནུ་ཁྱོད་ཀྱི་རྩ་བའི་ཆོ་གའི་ལེའུ་རབ་འབྱམས་འཆི་བའི་དུས་ཀྱི་ཚེ་ཡང་འདི་དྲན་པར་བྱའོ། །དེ་གང་ཞེ་ན། ན་མོ་སྟཻ་ཡ་དྷྱ་ཏ་ཐཱ་ག་ཏེ་བྷྱཿ།
447a5 ཨརྷ་ཏེ་བྷྱཿ། སམྱཀྶཾ་བུདྡྷེ་བྷྱཿ། ཨོཾ་ཀུ་མཱ་ར་རླུ་པི་ཎེ། བི་ཤྭ་སཾ་བྷ་བ། ཨཱ་གཙྪ་ཨཱ་གཙྪ། ལ་ཧུ་ལ་ཧུ། བྷྲཱུཾ་བྷྲཱུཾ། ཛི་ན་ཛི་ཀ། མཉྫུ་ཤྲི་ཡེ། སུ་ཤྲཱི་ཡེ། ཏཱ་ར་ཡ་མཱཾ།
447a6 སརྦ་དུཿཁེ་བྷྱཿཕཊ་ཕཊ། ཤ་མ་ཡ། ཤ་མ་ཡ། ཨ་མྲྀ་ཏོང་བྷ་བ། པཱ་པཾ་མེ་ནཱ་ཤ་ཡ་སྭཱཧཱ། འཇམ་དཔལ། འདི་ནི་ཁྱོད་ཀྱི་སྙིང་པོ་དམ་པ་ཡིན་ཏེ། ཞི་བ་ཐམས
447a7 ཅད་བྱེད་པ། སྡིག་པ་ཐམས་ཅད་ཟད་པར་བྱེད་པ། སྡུག་བསྔལ་ཐམས་ཅད་ལས་རབ་ཏུ་གྲོལ་བར་བྱེད་པ། ཚེ་དང་། ནད་མེད་པ་དང་། དབང་ཕྱུག་དང་། སྐལ་པ




iiif viewer powered by OpenSeadragon

446b - 447b

Texts on this page

H501 - 'phags pa 'jam dpal gyi rtsa ba'i rgyud