| | e-texts navigator
|
446b1 གྱིས་ནོན་པ། སླུ་བར་བྱེད་པ། ང་རྒྱལ་ཅན། མ་དད་པ། གྱ་གྱུ་ཅན། དུམ་རྒོད། ཚུལ་ཁྲིམས་འཆལ་བ་དག་འབྱུང་བར་འགྱུར་ཏེ། དེ་དག་སྔགས་རྣམས་ཀྱི་རྟོག་པའི་བདག
446b2 ཉིད་ཆེན་པོ་རྒྱས་པ་གྲུབ་པ་དང་། དུས་དང་། ཡུལ་དང་། ངེས་པར་སྡོམ་པ་དང་། སྔགས་དང་། སྤྱོད་པ་དང་། སྦྱིན་སྲེག་དང་། བཟླས་པ་ངེས་པར་སྡོམ་པ་དང་། ཆོག་རབ
446b3 འབྱམས་དག་ལ་མ་དད་པར་འགྱུར། ཡིད་མི་བྱེད་པར་འགྱུར་ཏེ། སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་ཞེས་བྱས་ནས་སྤང་བར་འགྱུར་ཏེ། དེ་དག་ཉོན་མོངས་པའི་སེམས
446b4 སུ་གྱུར་ནས་དུས་བྱེད་པར་འགྱུར་ཞིང་། སྡུག་བསྔལ་དྲག་ཅིང་ཚ་བའི་ཚོར་པ་མྱོང་ཞིང་དེ་དག་དམྱལ་བ་ཆེན་པོར་སྐྱེ་བར་འགྱུར་རོ། །བཅོམ་ལྡན་འདས། སྡུག་བསྔལ་བའི
446b5 སེམས་ཅན་དེ་དག་ལ་ཇི་ལྟར་བསྒྲུབ་པར་བྱ། སངས་རྒྱས་བཅོམ་ལྡན་འདས་ནི་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ
446b6 གཞོན་ནུར་གྱུར་པ་ལ་སྤྱི་བོར་བྱུགས་ནས་བཀའ་སྩལ་པ། འཇམ་དཔལ། ཁྱོད་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་རབ་ཏུ་ཞུགས་པ་ཁྱོད་ཀྱང་ལེགས་སོ། །ལེགས
446b7 སོ|་|འཇམ་དཔལ་གཞོན་ནུ་གྱུར་པ། ཁྱེད་དེ་བཞིན་གཤེགས་པ་ལ་དོན་འདི་ཡོངས་སུ་ཞུ་བར་སེམས་པ་དེ་ཁྱེད་ཡང་ལེགས་སོ། །འཇམ་དཔལ་གཞོན་ནུར་གྱུར་པ། དེའི
iiif viewer powered by OpenSeadragon
446a - 447a