| | e-texts navigator
|
444a1 འབྱུང་ངོ་ཞེས་བསྟན་ཏོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཆེན་པོ་ལ་འོས་པའི་ནོར་བུ་རིན་པོ་ཆེ་ནང་འོད་དང་ལྡན་ཞིང་གསལ
444a2 བའི་ཕྲེང་བ་བླངས་ནས་གཞོན་ནུའི་ཆ་བྱད་ཀྱི་གཟུགས་བརྙན་བྱས་ཏེ། སྟེང་གི་ཁང་བཟངས་སུ་གྲོང་ཁྱེར་ཆེན་པོ་བལྟ་ན་སྡུག་པའི་དབུས་ན་ལྷ་རྣམས་ཀྱི་མདུན་ས་ཆོས
444a3 བཟང་གི་རྩེ་མོར་རྒྱལ་མཚན་བསྒྲེང་བ་ལེགས་པར་བཀོད་པ་བྱས་ནས་བཞག་པར་གྱུར་ཏོ། །དེ་ནས་ལྷ་མ་ཡིན་དེ་དག་རབ་ཚིམ་བྱེད་དང་། ཐག་བཟངས་རིས་ལ
444a4 སོགས་ལྷ་རྣམས་ཀྱི་སྟེང་དུ་མི་འགྲོ་ཞིང་ལྷ་དེ་དག་ཀྱང་ཟིལ་གྱིས་གནོན་པར་མི་འགྱུར་ལ། རྫུ་འཕྲུལ་ལས་རྣམ་པར་འཕྲུལ་པའམ། །གཡུལ་མངོན་དུ་ཕྱོགས
444a5 པར་འགྲོ་བར་མི་ནུས་སོ། །དེ་ལྟར་ལོ་བྱེ་བ་ཁྲི་ཕྲག་དུ་མ་མི་མ་ཡིན་པའི་གྲངས་ཀྱིས་བགྲང་བར་ཡང་ལྷ་མ་ཡིན་གྱི་འཇིགས་པ་འབྱུང་བར་མི་འགྱུར་རོ། །དེ་བཞིན
444a6 དུ་ཕན་ཡོན་དཔག་ཏུ་མེད་པ་བསྟན་པ་དང་། ཚེ་དང་། ནད་མེད་པ་འཕེལ་བར། སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན
444a7 པོས་ཀྱང་སྔོན་དུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་ཕན་ཡོན་གྱི་ཡོན་ཏན་མཆོག་འདི་དག་རྒྱ་ཆེ་བ་དང་། མཐའ་ཡས་ཤིང་མུ་མེད་པ་སྔོན་གསུངས་པ་ཡིན་ནོ།
iiif viewer powered by OpenSeadragon
443b - 444b