e-texts navigator
Collection
Volume
Page
Wylie

443a1 ལ་ཡང་བཏུད། །དེ་ཚེ་ཐུབ་པས་རྗེས་གནང་ནས། །སྔགས་ཀྱི་ཚིག་ནི་འདི་སྨྲས་སོ། །ནམཿསརྦ་བུདྡྷ་བོ་དྷི་སཏྭེ་བྷྱཿ་པྲ་ཏི་ཧ་ཏ་ཤཱ་ས་ནེ་བྷྱཿ།
443a2 ཨོཾ་ཧ་ན་ཧ་ན། སརྦ་བྷ་ཡོད་ཨཱ་ད་ཡ་ཏྲཱ་སཱ་ཡ། མོ་ཊ་ཡ། ཚིནྡྷ། བྷིནྡྷ། ཛྭ་ལ་ཛྭ་ལ། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ
443a3 གཞོན་ནུར་གྱུར་པས་སྔགས་འདི་སྨྲས་མ་ཐག་ཏུ་ས་ཆེན་པོ་འདི་རི་དང་རྒྱ་མཚོའི་མཐར་ཐུག་པ་དང་བཅས་པ་རྣམ་པ་དྲུག་ཏུ་གཡོས་ཏེ། སངས་རྒྱས་བཅོམ་ལྡན
443a4 འདས་ཐམས་ཅད་ཀྱི་ཞིང་མཐའ་ཡས་པ་འཇིག་རྟེན་གྱི་ཁམས་ཀྱི་ཕྱོགས་ཀྱི་མཐར་ཐུག་པ་ཐམས་ཅད་དང་བཅས་པ་ཡང་རབ་ཏུ་འགུལ་བར་གྱུར་ཏོ། །སངས་རྒྱས
443a5 བཅོམ་ལྡན་འདས་ཐམས་ཅད་ཀྱིས་ཀྱང་སྔགས་ཀྱི་ཚིག་འདི་དག་བྱིན་གྱིས་བརླབས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འཇིགས་པ་དང་བྲལ་ནས་བ་སྤུ་ལངས
443a6 ཏེ་ངོ་མཚར་རྨད་དུ་བྱུང་བ་ཐོབ་ནས། མིག་གཉིས་ཕྱེ་སྟེ་སྟན་ལས་ལངས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་བཏུད་ནས་ལན་གསུམ་བསྐོར་བ་བྱས
443a7 ས་ཧིང་འཇམ་དཔལ་གཞོན་ནུར་གྱུར་པ་ལ་མངོན་དུ་བལྟས་ནས་སྔགས་ཀྱི་ཚིག་དེ་དག་གཟུངས་སྟེ་ཡིད་ལ་བྱས་ནས་ཕྱིར་ཡང་ཤིང་རྟ་ལ་ཞོན་ཏེ་ལྷ་མ་ཡིན་གང




iiif viewer powered by OpenSeadragon

442b - 443b

Texts on this page

H501 - 'phags pa 'jam dpal gyi rtsa ba'i rgyud