e-texts navigator
Collection
Volume
Page
Wylie

440b1 རྒྱལ་སངས་རྒྱས་ཉིད་དང་ནི། །ཉན་ཐོས་མཐར་ནི་ཕྱིན་པར་འགྱུར། །མདོ་སྡེ་འདི་ནི་བཀླག་པ་ཡིས། །སངས་རྒྱས་སྐུ་མདོག་ཐོབ་པར་འགྱུར། །གངྒཱའི་བྱེ་མ་མཉམ་པ
440b2 ཡིས། །རྒྱལ་བ་མཆོག་ནི་མཐའ་ཡས་པར། །མཆོད་པས་ཐོབ་པའི་བསོད་ནམས་དང་། །མདོ་འདི་བཏོན་པའི་བསོད་ནམས་མཉམ། །འཇིག་རྟེན་ཇི་སྙེད་གང་སུ་དག་།
440b3 ཞིང་ནི་བྱེ་བ་མཐའ་ཡས་པ། །དེ་སྲིད་ཕྲ་རབ་རྡུལ་སྙེད་ཀྱི། །སངས་རྒྱས་རྣམས་ལ་རྟག་མཆོད་པ། །རྣམ་པ་སྣ་ཚོགས་བཟའ་བཏུང་དང་། །ན་བ་རྣམས་ཀྱི་གསོས་སྨན་དང་།།
440b4 རྣམ་པ་སྣ་ཚོགས་གནས་མལ་རྣམས། །རྟག་ཏུ་ཐམས་ཅད་རབ་སྦྱིན་དང་། །རྣམ་པ་སྣ་ཚོགས་གོས་དང་ནི། །ཕྱེ་མ་དག་ནི་ཀུན་གྱིས་ཀྱང་། །བསོད་ནམས་སྐྱེ་བོས་ཐོབ
440b5 གང་ཡིན། །འདི་དག་འཆང་དང་ཀློག་པས་སོ། །གང་ཞིག་རང་སངས་རྒྱས་རྣམས་དང་། །འཇིག་རྟེན་ཉན་ཐོས་རྫུ་འཕྲུལ་ཆེ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ས
440b6 བཅུ་ལ་གནས་དེ་ལས་གཞན། །དེ་རྣམས་ཚད་ནི་དེ་མཉམ་ལ། །དེ་དག་མཆོད་པའང་དེ་བཞིན་ཏེ། །གང་གི་ལག་པར་གླེགས་བམ་ཆུང་། །མི་ཡིས་དེ་མཉམ་བསོད་ནམས
440b7 ཐོབ། །འཇིག་རྟེན་ཇི་སྙེད་བསྟན་པ་ཡང་། །འཇིག་རྟེན་ཁམས་ན་གནས་པ་ཡི། །གྲངས་མེད་སེམས་ཅན་མ་ལུས་པ། །ཐམས་ཅད་ནད་ནི་མེད་བྱས་ཏེ། །སྐྱེ་བོ་གང་ཞིག་ཡང




iiif viewer powered by OpenSeadragon

440a - 441a

Texts on this page

H501 - 'phags pa 'jam dpal gyi rtsa ba'i rgyud