e-texts navigator
Collection
Volume
Page
Wylie

439b1 ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བར་ཡང་ཟུངས་ཤིག་།ངོ་མཚར་རྨད
439b2 དུ་བྱུང་བའི་ཆོས་ཀྱི་མན་ངག་ལེགས་པར་བསྟན་པའི་ལེའུ་ཞེས་བྱ་བར་ཡང་ཟུངས་ཤིག་། བྱང་ཆུབ་སེམས་དཔའི་སྤྱོད་པའི་རྗེས་སུ་འཇུག་པ་རྒྱུད་ཐམས་ཅད་ཀྱི་མཛོད་ཅེས
439b3 བྱ་བར་ཡང་ཟུངས་ཤིག་། ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པ་ངེས་པར་བསྟན་པ་ཉམས་པ་མེད་པ་ཞེས་བྱ་བར་ཟུངས་ཤིག་།བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བར་ཡང
439b4 ཟུངས་ཤིག་། འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞེས་བྱ་བར་ཡང་ཟུངས་ཤིག་།ཆོས་ཐམས་ཅད་ཀྱི་དོན་རྫོགས་པ་ངེས་པར་བསྟན་པ་ཞེས་བྱ་བར་ཡང་ཟུངས་ཤིག།
439b5 འཇིག་རྟེན་མ་ལུས་ཐམས་ཅད་ལ། །ཆོས་དང་ཆོས་མིན་རྣམ་སྤྱོད་ཅིང་། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ། །གང་ཁྱོད་ཀུན་ཏུ་རྣམ་པར་རྒྱུ། །དེ་བཞིན་ཆོས་ཀྱི་དམ་པ
439b6 མཆོག་། གསང་བ་གཞན་ནི་མ་མཐོང་ངོ་། །སྔགས་རྒྱུད་དོན་དང་མདོ་རྣམས་དང་། །འགྲོ་བ་ཡུལ་ནི་སྐྱོན་མེད་པ། །བྱང་ཆུབ་ཆོས་ལ་རབ་གཞོལ་བ། །དཔའ་བོ་གཞན་ནི
439b7 མ་མཐོང་ངོ་། །གང་འདི་བླ་མ་གསང་བ་དང་། །དྲང་དོན་མདོ་ཡིས་ཡོངས་སུ་བརྒྱན། །རྣམ་པ་སྣ་ཚོགས་མདོ་དོན་དང་། །སྔགས་དང་རྒྱུད་ཀྱི་རྗེས་འཇུག་པ། །ཆོ་ག་རབ་འབྱམས




iiif viewer powered by OpenSeadragon

439a - 440a

Texts on this page

H501 - 'phags pa 'jam dpal gyi rtsa ba'i rgyud