e-texts navigator
Collection
Volume
Page
Wylie

14b1 ཁྱེད་ཀྱིས་ཚེ་འདི་ལ་ངའི་བསྟན་པའི་དགོངས་པ་ཁོང་དུ་ཆུད་པར་བྱའོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ལ་ཡང་ངེས་པར་བསྟན་པར་བྱ་ཞིང་བསྒྲག་པར་བྱའོ། །ཡལ་བར
14b2 མི་འདོར། ཕྱི་བ་ཤོལ་མི་བྱ། བརྗོད་པར་མི་བྱའོ། །གསོལ་པ། བཅོམ་ལྡན་འདས། དེ་བཞིན་དུ་བསྒྲུབ་པར་བགྱིའོ། །བཅོམ་ལྡན་འདས། སངས་རྒྱས་ཀྱི་སྙིང་པོ་ཞེས་བགྱི་བའི
14b3 གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་སླད་མའི་དུས་ན་འཁོར་བཞི་རྣམས་ལ་ཕྱི་བཤོལ་མ་མཆིས་པ་དང་། མི་བསྐྱུད་པར་བསྟན་པར་བགྱི། བཤད་པར་བགྱིའོ། །རིགས་ཀྱི་བུ་འམ། རིགས
14b4 ཀྱི་བུ་མོ་དེ་དག་ལ་ཡང་ངེས་པར་བསྟན་པར་བགྱི་ཞིང་བསྒྲག་པར་བགྱིའོ། །དེས་ན་དེ་བཞིན་གཤེགས་པའི་བཀའ་ལུང་དང་མཐུན་པར་འགྱུར། བདག་ཅག་གིས་དེ་བཞིན་གཤེགས་པའི
14b5 དམ་པའི་ཆོས་ཡོངས་སུ་བཟུང་པར་འགྱུར། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ལ་ཡང་དོན་ཆེན་པོ་དང་། ཕན་པའི་དངོས་པོ་ཆེན་པོར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས
14b6 བཀའ་སྩལ་པ། ལྷའི་བུ་དག། དེའི་ཕྱིར་ཇི་སྐད་སྨྲས་པ་དེ་བཞིན་གྱིས་ཤིག། འདི་ནི་ཁྱེད་ལ་རྗེས་སུ་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དབང་ཕྱུག
14b7 ཆེན་པོ། དཀའ་ཐུབ་བཟང་པོ་ལ་སོགས་པ་གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ




iiif viewer powered by OpenSeadragon

14a - 15a

Texts on this page

H487 - 'phags pa sangs rgyas kyi snying po zhes bya ba'i gzungs