e-texts navigator
Collection
Volume
Page
Wylie

279b1 པ་དང་ལྡན་ཞིང་སེམས་ཅན་ཡོངས་སུ་བསྲུང་བའི་བློ་ཅན་ལུས་དང་། སྲོག་ལ་ལྟོས་པ་མེད་པ། ཐམས་ཅད་དུ་རྗེས་སུ་འགྲོ་བའི་ཡིད་ལ་བྱེད་པས་ལྕགས་དང་། གསེར་དངུལ་དང་།
279b2 ལྕགས་གསུམ་དང་། ཙནྡན་དང་། རྡོ་དང་། ཐ་ན་ཤིང་དང་། ས་ལས་བྱས་པ་འམ། ཏ་ལའི་ལོ་མའི་རང་བཞིན་ལས་བྱས་པ་ལ་སྔར་སྨོས་པའི་ཆོ་གས་གཅིག་པུ་དབེན་པར
279b3 འདུག་སྟེ། འབུམ་བཟླས་པས་བསྒྲུབས་ན་གོང་མ་བཞིན་རིག་པ་འཛིན་པར་འགྱུར་རོ། །ལྡོང་རོས་སམ། ལིག་བུ་མིག་གམ། བ་བླ་འམ། གི་ཝང་ལ་སོགས་པ་ལོ་མའི་བར་རམ།
279b4 གོས་ཀྱི་བར་རམ། ལྕགས་ཀྱི་སྣོད་ཁ་སྦྱར་དུ་བཅུག་ལ་བསྒྲུབ་པར་བྱ་བ་འམ། གོས་སམ། རྒྱལ་མཚན་ནམ། ནོར་བུ་འམ། མུ་ཏིག་གི་ཕྲེང་བ་ལ་སོགས་པ་རྒྱན་རྣམས་སམ།
279b5 པདྨ་འམ། ཨུཏྤལ་ལ་སོགས་པ་མེ་ཏོག་གི་ཁྱད་པར་རམ། སྐ་རགས་སམ། ལྷུང་བཟེད་དམ། ཆོས་གོས་སམ། མཁར་གསིལ་ལ་སོགས་པའི་ཡོ་བྱད་ལག་པར་ཆུད་པའམ།
279b6 ལོ་མ་འམ། གོས་སམ། ཞགས་པ་ལ་བསྒྲུབས་ན་འབར་བར་འགྱུར་ཞིང་རིག་པ་འཛིན་པར་འགྱུར་རོ། །ཇི་སྙེད་ཀྱི་གྲོགས་འདོད་པ་དེ་སྙེད་ཀྱི་གྲོགས་དང་ལྷན་ཅིག་འཕུར་ཞིང
279b7 འགྲོ་བར་འགྱུར་རོ། །ཐོགས་པ་མེད་པ་དོན་ཡོད་པར་གྲུབ་པའི་སྙིང་པོ་འདི་ཡང་བསོད་ནམས་དང་ལྡན་པ་འམ་།བསོད་ནམས་དང་མི་ལྡན་པས་ཀྱང་རུང་འགྲུབ་པར་འགྱུར་རོ། །ཚུལ་ཁྲིམས་དང




iiif viewer powered by OpenSeadragon

279a - 280a

Texts on this page

H470 - dam tshig gsum bkod pa'i rgyal po zhes bya ba'i rgyud