e-texts navigator
Collection
Volume
Page
Wylie

275a1 སྒྲུབ་པ་ལ་གནས་པ་སྐྱེད་པར་བྱེད། སྡུག་བསྔལ་དང་། ཉོན་མོངས་པ་ཟད་པར་བྱེད། རྣམ་པར་འཇོམས་པར་བྱེད། རྣམ་པར་སེལ་བར་བྱེད། འདྲེན
275a2 པར་བྱེད། འཇོམས་པར་བྱེད། མདོར་ན། རང་གི་སྨོན་ལམ་གྱི་སྟོབས་དང་། བསོད་ནམས་དང་། ཡེ་ཤེས་ཀྱི་སྟོབས་དང་། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱི
275a3 སྟོབས་ཀྱིས་སེམས་ཅན་གྱི་ཁམས་ཐམས་ཅད་དུ། དེ་བཞིན་གཤེགས་པའི་མཛད་པ་ཡང་བྱེད་པར་འགྱུར་རོ། །འདིར་ཡང་སེམས་ཅན་སྡུག་བསྔལ་བ་རྣམས་ཀྱིས་དོན
275a4 ཡོངས་སུ་མི་ཉམས་པར་བྱ་བའི་ཆོག་བཤད་པར་བྱ་སྟེ། སྔགས་འཛིན་པས་དང་པོར་རེ་ཞིག་བྱང་ཆུབ་ཏུ་སེམས་བསྐྱེད་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་བྱིས་པ
275a5 སོ་སོའི་སྐྱེ་བོའི་ས་ལས་འདས་པ་དང་། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་རྙེད་པ་འདི་ཉིད་ལ་བདག་ཉིད་དད་པར་བྱའོ། །སྒྲུབ་པ་པོ་རིགས་ཀྱི་བུ་འམ། རིགས
275a6 ཀྱི་བུ་མོས་སྔ་དྲོ་དང་པོ་ལ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་ཐམས་ཅད་ལ་བདག་ཉིད་དབུལ་བར་བྱ་སྟེ། བདག་མིང་ཆེ་གེ་མོ་ཞེས་བགྱི་བ
275a7 ཆོས་ཀྱི་དབྱིངས་སུ་གཏོགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་ཐམས་ཅད་ལ་བདག་དབུལ་བར་བགྱིའོ། །ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ




iiif viewer powered by OpenSeadragon

274b - 275b

Texts on this page

H470 - dam tshig gsum bkod pa'i rgyal po zhes bya ba'i rgyud