| | e-texts navigator
|
265b1 མཆོག་གསུམ་ལ་ཕྱག་འཚལ་ལོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན། སངས་རྒྱས་གང་གཱའི་ཀླུང་གི་བྱེ་བ་ཕྲག་འབུམ་གྱི་བྱེ་མ་སྙེད་ཀྱིས་རྗེས་སུ་གནང་བ།
265b2 མཆེ་བ་གཙིགས་པ་དང་འཚམ་པ། མིག་མེ་མདག་གི་ཕུང་པོ་འདྲ་བ། དབུགས་མེ་ལྕེ་ལྟར་འབར་བ། འཇིགས་པའི་ང་རོ་ཅན། ལག་པ་དང་། རྐང་པ་ཀླུ་ནོར་རྒྱས་ཀྱི་བུས
265b3 བརྒྱན་པ། ཀླུ་ནག་པོ་སེ་རལ་ཁར་ཐོགས་པ། ཀླུ་དགའ་བོ་དང་། ཉེ་དགའ་བོ་འབར་བས་རྣ་ཆ་བྱས་པ། སྦྲུལ་འབར་བའི་རིན་པོ་ཆེའི་ཅོད་པན་ཐོགས་པ། སྦྲུལ་གདུག་པ་འབར
265b4 བ་ཟ་བ། བཞིན་རྒྱས་པ། སྨིན་མ་དང་། དཔྲལ་བ་བསྡུས་པ། ཡ་སོས་མ་མཆུ་མནན་པ། གཤིན་རྗེའི་ཆ་བྱད་ཅན། ལྕེ་གློག་ལྟར་འགྱུ་བ། གསུས་པོ་ཆེ་སྦྲུལ་ཟ་བ། ལག་པ
265b5 བརྡབས་པའི་སྒྲས་འཇིགས་པར་བྱེད་པ། ཀླུའི་རྒྱལ་པོ་འདབ་བཟང་སྐེ་རགས་སུ་བཅིངས་པ། ཨ་ལ་ལ་ཞེས་སྒྲོག་པར་བྱེད་པ། རྒྱ་མཚོའི་ཟབས་སུ་དཔག་ཚད་བརྒྱད་ཁྲི
265b6 ཡོད་པ་རྐང་བའི་པུས་མོར་ཕྱིན་པ། དབང་པོ་དང་། ཉི་མ་ཕྲག་པ་ལ་བཀུར་བ། ཀླུ་ཐམས་ཅད་རླག་པར་བྱེད་པ། གད་རྒྱངས་ཆེན་པོ་སྒྲོགས་པས་ཀུན་ཏུ་འཁྲུགས་པར་བྱེད་པ།
265b7 གཤིན་རྗེའི་གཟུགས་ཅན། ཁམས་གསུམ་པ་འཇིགས་པར་བྱེད་པ། ཀླུ་རྣམས་འཆི་བར་བྱེད་པ་ལ་ཕྱག་འཚལ་ལོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱ
iiif viewer powered by OpenSeadragon
265a - 266a