| | e-texts navigator
|
388a1 @#། །དང་བདུག་པས་མཆོད། །དུར་ཁྲོད་ཤིང་ངམ་བོང་བུ་དང་། །རྔ་མོའི་སྦང་བསྐམས་བུད་ཤིང་ངོ་། །སོར་གཅིག་གིས་ནི་དམའ་བ་ཡིན། །ནིམ་པ་དེ་བཞིན་སེང
388a2 ལྡེང་དང་། །སེ་བ་དེ་བཞིན་བསེ་ཤིང་དང་། །དུར་ཁྲོད་ཤིང་བུ་སོར་བཅུ་པ། །རྩ་བའི་ཆ་ལས་རྣམ་བྱུང་བ། །དུར་ཁྲོད་མར་ཁུ་རྣམས་བསྙུགས་ལ། །དེ་ཡིས་ཡམ་ཤིང་བྱ་བ་ཡིན། །བྱ
388a3 རོག་འུག་པའི་གཤོག་པ་དང་། །ནིམ་པའི་འདབ་མ་ཐལ་བ་དང་། །རྐང་རྗེས་ས་དང་བོང་བུ་དང་། །རྔ་མོ་སོགས་ཀྱི་སྦང་དང་ནི། །སྐྲ་དང་ཞག་དང་བཤད་པ་དང་། །གཅི་བ་མི་རུས
388a4 ཡུངས་ཀར་དང་། །ཡུངས་མར་ཁྲག་དང་ལན་ཚྭ་དང་། །དེ་ལ་སོགས་པ་རེ་རེ་ཞིང་། །ཇི་ལྟར་རྙེད་པའི་རྫས་རྣམས་ནི། །དུག་དང་ཁྲག་དང་སྨྱོ་བྱེད་ཀྱི། །འདབ་ཁུ་ཐལ་བ་སོལ་བ
388a5 དང་། །འབྲས་ཀྱི་ཕུབ་མ་ལ་སོགས་ལ། །དགྲ་བོ་དག་གི་གཟུགས་བྱས་ལ། །མགོ་ནས་བརྩམས་ཏེ་རལ་གྲི་ཡིས། །དུམ་བུར་གཏུབ་ཅིང་ལྕགས་ཕོར་དུ། །ཁྲག་དང་ཆུ་དང
388a6 མི་རྣམས་དང་། །བོང་བུའི་གཅིན་ལ་ཕཊ་ལྡན་པའི། །གདུག་པའི་ཡི་གེ་རྣམས་བཟླས་པའི། །རྫས་ལ་གསང་གཏོར་བྱས་ནས་ཀྱང་། །སློབ་དཔོན་ལ་སྡང་རྨོངས་པ་འདི། །བརྗོད
388a7 ཅིང་སྦྱིན་སྲེག་དབུལ་བར་བྱ། །དེ་ལ་འདི་སྐད་ཅེས་བྱ་སྟེ། །འབྱུང་བ་ཚིམ་བྱ་གཏོར་མ་དང་། །བསྟོད་བཟླས་མཉེས་པར་བྱ་བ་དང་། །དབང་གི་དབྱེ་བ་བསྟན་པ་དང་། །དཀྱིལ
iiif viewer powered by OpenSeadragon
387b - 388b