e-texts navigator
Collection
Volume
Page
Wylie

386b1 སྐྱིལ་ཀྲུང་བཅས་པ་ཡིས། །སྲ་བའི་སྟན་ལ་བདག་འདུག་ནས། །ལས་རྣམས་བསྒྲུབ་པར་བྱ་བ་ནི། །མཚན་མོ་འམ་ཉི་མ་ཕྱེད་ཉིད་ལ། །རང་བྱུང་མེ་ཡི་དཀྱིལ་འཁོར་དུ། །ཧཱུཾ་ཕཊ་མཐའ་ན་ཡོད
386b2 བ་ཡི|་|སྔགས་ཀྱིས་ཐོག་མ་བར་ཐ་མར། །སྦྱིན་སྲེག་བྱ་སྟེ་དེ་མེ་ནི། །དུར་ཁྲོད་མེ་འམ་རུས་པ་འམ། །རྡོ་ཉིད་ལས་ནི་བྱུང་བ་འམ། །ཙཎྜ་ལི་ཡི་ཁྱིམ་ཉིད་ནས། །ཐབ་ཁུང་གྲུ་གསུམ་ཅན་དེར
386b3 ནི|་|ཚེར་མ་ཅན་གྱི་བུད་ཤིང་བརྫང་། །རླུང་ཡབ་སྦར་ཏེ་ཧཱུཾ་ཛྭ་ལ་རཾ། །ཛ་ལ་ཧཱུཾ་བརྗོད་མེ་སྦར་བརྗོད། །ལག་གཡས་ཀུ་ཤ་བཅས་པ་ཡིས། །མཐེ་བོང་སྲིན་ལག་རྩ་རུ་གཟུགས། །ོཾ་ཨེ་ཧྱེ་ཧི
386b4 མ་ཧཱ་བྷཱུ་ཏ་དེ་བ་རི་ཥི་དྭི་ཛ་སཏྟ་མ་གྲི་ཧི་ཏྭ་ཨ་ཧཱུཾ་ཏི་ཨ་ཧཱ་རཾ་ཨསྨ་ནི་སཾ་ནི་ཧི་ཏོ་བྷ་བ་ཞེས་བརྗོད་ལ་སྤྱན་དྲང་ངོ་། །འབར་བ་མེ་ཡི་དབུས་ཉིད་དུ། །མིང་དེ་ཟད་བྱེད་ཅེས་བྱ་བ། །ཁྲོ་བོ་མེ་ལྟར་ཕུན
386b5 སུམ་ཚོགས། །བ་སྤུ་ཁམ་པ་དེ་བཞིན་དུ། །དུ་མདོག་ཟུར་མིག་སྟེང་དུ་གཟིགས། །སྒྲ་ཆེ་མཆེ་བཞི་ལྡན་སྟོབས་ཆེ། །ཡཾ་ལས་རླུང་གི་དཀྱིལ་འཁོར་ཏེ། །བཞུགས་ནས་དྲག་པོའི་ཡི་གེ
386b6 བརྗོད|་|སྤྱན་གསུམ་པ་ལ་ཕྱག་བཞི་པ། །རིག་པའི་གནས་ལ་ལེགས་པར་བཞུགས། །ཞལ་བདུན་རྣམ་གཙེགས་མ་ཧེ་ལ། །བཅིབས་པ་དུ་བའི་ཕྲེང་རྣམས་འཁྲིགས། །ཕྱག་གཉིས་མདུང
386b7 དང་རྡོ་རྗེ་འཛིན། །གཉིས་ཀྱིས་རལ་གྲི་གྲི་གུག་འཛིན། །དེ་ཡི་གཡས་ཀྱི་ཕྱོགས་ཉིད་དུ། །དེ་བཞིན་མདུན་གྱི་ཕྱོགས་ཉིད་དམ། །སྤྱན་དྲངས་བྱིན་རླབས་ལྡན་པ་ལ། །རྒྷཾ་སོགས་ཀྱིས་མཆོད




iiif viewer powered by OpenSeadragon

386a - 387a

Texts on this page

H433 - gshin rje gshed dgra nag po'i 'khor lo las thams cad grub par byed pa zhes bya ba'i rgyud kyi rgyal po