| | e-texts navigator
|
385b1 ཡན་ལག་རྣམ་པར་བཅིངས། །བདུད་རྩི་ཆུ་རྒྱུན་རྣལ་འབྱོར་ངལ་ལ་འདོད་བསྒྲུབ་ན། །ངས་ནི་སྦྱིན་བྱ་ཁྱོད་ནི་དམ་ལས་མ་འདའ་ཞིག་།ཅེས་དཔལ་གཤིན་རྗེ་དགྲ་ནག་པོའི་འཁོར་ལོ
385b2 གཞན་གྱི་ལྟོ་བ་ལ་གནས་འཆའ་བར་འདོད་པའི་གཏན་འཕོ་བ་མ་ཡིན་པའི་ཚེ་བྱའོ། །འཁོར་ལོ་སྙིང་གར་ལྟ་བའི་ཚེ། །ས་བོན་ཚུལ་ཏེ་ལྟེ་བ་ལ། །ཡི་གེ་མ་ལུས་འདོད་པ་ཡང་། །མཚན་ཉིད
385b3 ངན་པའི་རྟོག་པ་ལས། །གྲོལ་ཏེ་མཐའ་གསུམ་ངོ་བོ་ལས། །ཀྵ་ནི་ཟད་པའི་བདག་ཉིད་ལ། །ུ་ནི་ཧཱུཾ་གི་བདག་ཉིད་དེ། །དེ་ནི་སེམས་ཀྱི་རང་བཞིན་ཉིད། །དགའ་ལས་འདས་པའི་ཡེ་ཤེས
385b4 ཏེ|་|ཐབས་ནི་ཤེས་རབ་ལྡན་པ་ལས། །དུས་ཐབས་བསྟེན་པའི་བདག་ཉིད་ཀྱིས། །འཐོབ་སྟེ་གཞན་དུ་དེ་མི་འཐོབ། །ཆུ་འགྲམ་ཆེན་པོས་བས་མཐའ་དང་། །དུར་ཁྲོད་ཤིང་དྲུང་དགོན་པ
385b5 སྟེ|་|དབེན་པའི་ཡུལ་དང་མོའི་ཁྱིམ། །དེར་ནི་མགོན་པོ་འདི་ལ་འབད།། གཞན་དུ་བསྒྲུབ་ཀྱང་དེ་མི་འགྲུབ། །སྐད་ཅིག་དེ་ལ་རང་བཞིན་ཀུན། །ངེས་པར་མི་སྣང་རིག་པ་ཡི། །ལམ
385b6 དུ་གྱུར་པ་མེད་པར་ཤེས། །འབྲས་བུ་དེ་ནི་རྒྱ་ཆེན་ཏེ། །མཐའ་ཡི་འཐོབ་པ་ད་ཡིན་ནོ། །དེ་ནས་ཡང་ཐམས་ཅད་ཀྱི་བདག་པོ་བདེ་བར་གཤེགས་པས་རྡོ་རྗེ་ཆོ་ག་གསུངས་པ་ནི། །སྐྱོབ
385b7 པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱིས། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྲུང་བའི་དཀྱིལ་འཁོར་རབ་གནས་པས། །སྡང་བའི་ལོག
iiif viewer powered by OpenSeadragon
385a - 386a