| | e-texts navigator
|
385a1 @#། །བོང་ངེས་པར་སྦྱར་བར་བྱ། །མཛུབ་མོ་གུང་མོའི་རྒྱབ་རྩེར་སྦྱར། །འདི་ནི་དམ་ཚིག་ཕྱག་རྒྱ་སྟེ། །སྙིང་ག་དཔྲལ་བ་ལྐོག་མ་དང་། །སྤྱི་བོར་བྱིན་གྱིས་བརླབས་པར
385a2 བྱ|་|ོཾ་ཧྲཱིཿཥྚཱིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ཨ་དྷི་ཏིཥྛ་སྭ་མཱཾ། གཞན་ཡང་རྡོ་རྗེ་སེམས་མ་སོགས། །ཕྱག་རྒྱས་དབང་བསྐུར་དབུ་རྒྱན་བརྟག་།གཏི་མུག་རྡོ་རྗེ་ལ་སོགས་པ། །སོ་སོའི
385a3 བདག་པོ་དབུ་བརྒྱན་ཅིང་། །དབང་བསྐུར་ཚེ་ན་བུམ་པ་ཆེ། །ཕྱག་གིས་བསྣམས་ཏེ་དབང་བསྐུར་རོ། །འཁོར་ལོ་ལས་ཀུན་བྱེད་པ་ལ། །གསང་དབང་ལག་ན་རྡོ་རྗེ་ཡིས། །བསྟོད་པའི
385a4 རྒྱལ་པོ་འདི་ཡིས་བསྟོད། །གདུག་པ་སྐྲག་བྱེད་འཁོར་ལོ་མེ་ལྟར་འབར། །དུས་གསུམ་ཁྲོ་རྒྱལ་ཧེ་རུ་ཡི་ཐུགས། །ལས་རྣམས་དག་བྱེད་ཕྲག་དོག་རྡོ་རྗེ་སྟེ། །མ་ལུས་ཚེམས་གཅོད
385a5 གསོལ་བས་སྐུ་ཡི་དང་། །ཧཱུཾ་དང་ཕཊ་ཀྱི་གདུག་རྩུབ་སྦྱོར་བས་གསུང་། །ཀུན་གྱི་རང་བཞིན་ཁྱོད་ཀྱིས་གཤིན་རྗེ་ཡི། །ལྟོར་འཛུད་བཀའ་ལས་དེས་ཀྱང་མི་འདའ་ཞིང་། །ཕྱོགས
385a6 བཅུའི་སྤྲུལ་པས་གནས་ན་འགུགས་མཛད་པ། །མ་ལུས་ཀུན་བྱེད་འཁོར་ལོ་ཆེ་མཆོག་ལ། །གཞན་གྱི་དོན་རྫོགས་གུས་པས་ཕྱག་འཚལ་ལོ། །ཁྱོད་ནི་དཔའ་བོ་ཐུབ་ཆེན་ཀུན
385a7 གྱི་བདུད། །ང་ཡིས་ལམ་བསྟན་བདུད་རྣམས་མི་ཕྱེད་ཀྱང་། །དམ་ལས་འདའ་ཞིང་ལོག་པ་ཀུན་སྐྱེད་ལ། །ཁྱོད་ཀྱང་བཀའ་ལས་མ་འདའ་ལས་རྣམས་སྒྲུབས། །ཚེ་དང་སྲོག་བསྡུས
iiif viewer powered by OpenSeadragon
384b - 385b