| | e-texts navigator
|
98b1 བཙུན་མོ་མན་ཏེས་སྨྲས་པ། ད་དུང་བདག་དང་། བདག་གི་བར་དུ་འཛིན་ན། ནམ་ཞིག་ལམ་ཐོབ་པར་འགྱུར། དེ་སྲིད་དུ་རི་ལ་གནས་ཀྱང་། རྡོ་ཤིང་དང་ཐམ་དད་དེ། བདག་དང་བདག་གིར
98b2 མི་འཛིན་ན་གདོད་ལམ་ཐོབ་པར་འགྱུར་རོ་ཞེའོ། །དགེ་སློང་གིས་སྨྲས་པ། བདག་གིས་ཡང་དག་པར་དོན་དེ་ལྟ་བུ་མི་ཤེས་སོ། །དེ་ནས་རྒྱལ་བུས་དགེ་སློང་ལ་སྨྲས་པ། བཙུན་པ། ཡུལ
98b3 ཡ་བའི་རྒྱལ་བུ་རྒྱལ་ཚབ་དོན་གྲུབ་ཅེས་བྱ་བ་ཐོས་སམ། དགེ་སློང་གིས་སྨྲས་པ། བདག་གིས་རྒྱུན་དུ་ཐོས་ཀྱི་མཐོང་པ་མ་ཡིན་ནོ། །རྒྱལ་བུས་སྨྲས་པ། བདག་ནི་རྒྱལ་བུ་རྒྱལ་ཚབ་དོན
98b4 གྲུབ་ཅེས་བྱ་བ་ཡིན་ནོ། །དགེ་སློང་གིས་རྒྱལ་བུ་ཁྱོད་གར་འགྲོ་།ཅི་འདོད་ཅེས་དྲིས་པ་དང་། རྒྱལ་བུས་སྨྲས་པ། བདག་ནི་ཐེག་པ་ཆེན་པོའི་ལམ་འདོད་དོ་ཞེས་སྨྲས་སོ། །དགེ་སློང་གིས
98b5 སྨྲས་པ། རྒྱལ་བུའི་ཡོན་ཏན་དང་སྦྱར་ན། རིང་པོར་མི་ཐོགས་པར་ཐེག་པ་ཆེན་པོའི་ལམ་ཐོབ་པར་འགྱུར་ཏེ། རྒྱལ་བུ་བླ་ན་མེད་པའི་བྱང་ཆུབ་མངོན་པར་སངས་རྒྱས་པ་ན། བདག་ནི་ཉེ
98b6 གནས་རྫུ་འཕྲུལ་གྱི་མཆོག་ཏུ་གྱུར་ཅིག་ཅེས་སྨྲས་ནས། རྒྱལ་བུ་ཁྲིད་དེ་འདུག་པའི་གནས་བསྟན་ཏོ། །དེ་ནས་དགེ་སློང་གིས་ཆོས་བཞིན་དུ་རྒྱལ་བུའི་སྐ་སླས་ནས་མདུད་པ་བོར་ནས།
98b7 ཟས་སུ་ནི་ཤིང་གི་འབྲས་བུ་ཤིང་ཏོག་ཟ། སྐོམ་དུ་ནི་ཆུ་མིག་འཐུང་ངོ་། །དེ་ནས་རྒྱལ་བུས་ཤིང་དང་། རྩཝ་བསྡུས་ཏེ། བདག་འདུག་པའི་རྩའི་སྤྱིལ་པོ་ཆུང་དུ་མ་གཅིག་བྱས། བཙུན་མོ་མན་ཏེ
iiif viewer powered by OpenSeadragon
98a - 99a