e-texts navigator
Collection
Volume
Page
Wylie

96a1 རིན་པོ་ཆེ་སྣ་བདུན་གྱི་མེ་ཏོག་དང་། དོ་ཤལ་ཡང་རིམ་གྱིས་ཕྱོགས་བཞི་ནས་འདུས་པ་ལ་མ་ལུས་པར་བྱིན་ནོ། །ཡུལ་དེ་ན་གནས་པའི་མི་མང་པོ་ཁྲི
96a2 ཕྲག་དུ་མས་རྒྱལ་བུ་བསྐྱལ་ཏེ། དེ་དག་འདི་སྐད་ཅེས་གཏམ་དུ་བརྗོད་དོ། །རྒྱལ་བུ་འདི་ནི་ཤིན་ཏུ་དགེ་བ། ཡུལ་གྱི་ལྷ་མཉན་ལྟ་བུ་ཡིན་ན། ཅིའི་ཕྱིར་ཡབ་ཡུམ་གྱིས་སྲས
96a3 རིན་པོ་ཆེ་འདི་ལམ་རིང་དུ་སྤངས་ཞེས་མཐོང་བ་ཐམས་ཅད་ཀྱིས་ཕངས་སོ་ཞེས་སྨྲས་སོ། །དེའི་ཚེ་རྒྱལ་བུ་གྲོང་ཁྱེར་གྱི་ཕྱི་རོལ་ཏུ་སྐྱེད་ཤིང་གི་དྲུང་ན་འདུག་སྟེ། སྐྱེལ་བའི་མི
96a4 རྣམས་ལ་འདི་ནས་ཕྱིར་དེངས་ཤིག་ཅེས་སྤྲོ་བའི་ཚིག་སྨྲས་པ་དང་། སྐྱེལ་སྐྱེལ་བ་ཆེ་ཆུང་ཐམས་ཅད་མཆི་མ་བླགས་ཏེ། དུས་ནས་ཕྱིར་དོང་ངོ་། །དེ་ནས་རྒྱལ་བུས་བཙུན་མོ་དང་།
96a5 སྲས་གཉིས་ཤིང་རྟའི་ནང་དུ་བཞག་ནས། རྒྱལ་བུ་ཉིད་ཀྱིས་ཤིང་རྟ་ཁ་ལོ་བསྒྱུར་ཏེ་སོང་བ་ལས་རྒྱངས་ཆད་པར་ཕྱིན་ཏེ། སྐྱེད་ཤིང་གི་དྲུང་ན་ངལ་བསོ་ཞིང་འདུག་པ་ལས།
96a6 བྲམ་ཟེ་དག་ཅིག་ལྷགས་ནས། རྒྱལ་བུ་ལས་ཤིང་རྟ་ཁྲིད་པའི་རྟ་བསླངས་སོ། །རྒྱལ་བུས་སློང་བ་ལ་རྟ་སྦྱིན་ནས། སྲས་བུ་གཉིས་ཤིང་རྟའི་སྟེང་དུ་བཞག་སྟེ། བཙུན་མོས
96a7 ནི་ཤིང་རྟའི་ཕྱི་ནས་ཕུལ། རྒྱལ་བུས་ནི་མདུན་ནས་དྲངས་ཏེ། རྐང་པས་ཤིང་རྟ་འདྲེན་ཅིང་སོང་བ་ལས། རིང་པོ་མ་ལོན་པར་ཡང་བྲམ་ཟེ་ཞིག་དང་ཕྲད་ནས་ཤིང་རྟ་བསླངས




iiif viewer powered by OpenSeadragon

95b - 96b

Texts on this page

H359 - 'phags pa rgyal bu don grub kyi mdo