e-texts navigator
Collection
Volume
Page
Wylie

92a1 ཅེས་བསྒོའོ། །ཁྱེད་མྱུར་དུ་མགྱོགས་པར་སོང་ཞིག། གལ་ཏེ་ཡབ་རྒྱལ་པོས་གསན་ན་སྙེགས་མི་གཏོང་སྟེ་འཕྲོག་ཏུ་འོང་ཞེས་བསྒོ་བ་དང་། དེའི་ཚེ་བྲམ
92a2 ཟེ་དེ་དག་གིས་དེ་མ་ཐག་ཏུ་མགྱོགས་སུ་དོང་ངོ་། །བློན་པོ་རྣམས་ཀྱིས་རྒྱལ་བུས་བལ་གྱི་གླང་པོ་ཆེ་དགྲ་ཟླ་ལ་བྱིན་ནོ་ཞེས་ཐོས་ནས་ཐམས་ཅད་སྐྲག་སྟེ། ཁྲི་ལས་རབ་ཏུ་ལྷུང་ནས་མྱ
92a3 ངན་གྱིས་ནོན་ཏེ། འདི་སྙམ་དུ་ཡུལ་འདི་ནི་བལ་གླང་འདི་ལ་ལྟོས་ན་དེ་དགྲ་གཞན་ལ་བྱིན་པར་གྱུར་ཏོ་སྙམ་དུ་བསམས་ནས། རྒྱལ་པོ་ག་ལ་བ་དེར་སོང་སྟེ། འདི་སྐད་ཅེས་གསོལ
92a4 ཏོ|་|རྒྱལ་བུས་ནི་ཕྱིའི་དགྲ་ཐུབ་པའི་བལ་གླང་རིན་ཆེན་ཕ་རོལ་གྱི་དགྲ་ཟླ་ལ་བྱིན་ནོ་ཞེས་གསོལ་པ་དང་། རྒྱལ་པོ་ཡབ་ཡེད་པོར་གྱུར་པ་ལས། བློན་པོས་ཡང་འདི
92a5 སྐད་ཅེས་གསོལ་ཏོ། །ད་ལྟར་རྒྱལ་པོ་ལ་བལ་གྱི་གླང་པོ་ཆེ་འདི་མངའ་བས། ཆབ་སྲིད་ཆེ་བ་ལགས་ཏེ། བལ་གྱི་གླང་པོ་ཆེ་དེ་ནི་པ་ལ་གླང་དྲུག་ཅུ་སྙེད་ཀྱི་མཐུ་སྟོབས་དང
92a6 ལྡན་པ་ལགས་ན། རྒྱལ་བུས་དགྲ་ལ་སྩལ་ཏེ། དགྲ་ཟླས་འཚལ་བས་ཆབ་སྲིད་ཀྱང་སྟོང་དུ་མཆི་ན། ཅི་ལྟར་མཛད་པའི་རིགས། འདི་ལྟ་བུ་རང་ཉམས་སུ་སྦྱིན་པ་བྱིན་པས
92a7 བང་མཛོད་ཀྱང་སྟོངས་ཤིང་། ཡུལ་གྱི་སྲིད་དང་། བཙུན་མོ་དང་། སྲས་ཀྱི་བར་དུ་སྦྱིན་པ་བགྱིད་པར་དགོས་སོ་ཞེས་གསོལ་པ་དང་། རྒྱལ་པོས་དེ་སྐད་ཅེས་སྨྲས་པ




iiif viewer powered by OpenSeadragon

91b - 92b

Texts on this page

H359 - 'phags pa rgyal bu don grub kyi mdo