e-texts navigator
Collection
Volume
Page
Wylie

90b1 བས་ན|་ཁྱེད་ལས་སུ་ཞིག་དེར་སོང་སྟེ། སློང་བར་ནུས་ཞེས་བགྲོས་ན། བློན་པོ་ལས་གང་ཡང་འགྲོ་ནུས་པ་མ་བྱུང་ངོ་། །དེའི་ནང་ནས་བྲམ་ཟེ་མི་བརྒྱད་ཞིག་གིས་རྒྱལ་པོ་ལ་འདི་སྐད་ཅེས
90b2 གསོལ་ཏོ། །བདག་ཅག་གིས་སློང་ཞིང་མཆི་བར་འཚལ་ན། བདག་ཅག་གི་ཚོགས་དང་། རྒྱགས་སྦྱོར་ཅིག་ཅེས་གསོལ་པ་དང་། རྒྱལ་པོས་དེའི་ཚོགས་དང་རྒྱགས་སྦྱར་ནས། བྲམ་ཟེ
90b3 དེ་དག་ལ་འདི་སྐད་ཅེས་བསྒོའོ། །གལ་ཏེ་ཁྱོད་ཀྱིས་བལ་གླང་དེ་ཁུགས་ཏེ་འོངས་ན། བྱ་དགའ་ཆེར་སྦྱིན་ནོ་ཞེས་གཅིགས་བྱས་སོ། །དེ་ནས་བྲམ་ཟེ་བརྒྱད་པོས་འཁར་བ་ཐོགས་ཏེ།
90b4 ལ་ལུང་བགྲོད་ནས། ཡུལ་ཡབ་གང་ན་བ་དེར་སོང་ངོ་། །ཡུལ་དེར་ཕྱིན་ནས་རྒྱལ་པོའི་སྒོར་འཁར་བ་ལ་རྐོམ་ཚུགས་བཅས་ཏེ། རྐང་པ་ཡ་གཅིག་གིས་འགྲེང་ཞིང་སྡོད་དོ། །དེ་ནས
90b5 རྒྱལ་བུའི་སྒོ་སྲུང་ཕོ་བྲང་ནང་དུ་སོང་ནས། ཕྱི་རོལ་ན་བྲམ་ཟེ་དག་ཅིག་ལྷགས་ཏེ། འཁར་བ་ལ་རྐོམ་ཚུགས་བཅས་ནས། རྐང་པ་ཡ་གཅིག་གིས་འགྲེང་ཞིང་སྡོད་དེ། བདག་ཅག
90b6 ནི་ལམ་རིང་པོ་ནས་ཆད་དུ་འདིར་སློང་དུ་འོངས་སོ་ཞེས་མཆིའོ། །རྒྱལ་བུས་དེ་སྐད་ཅེས་སྨྲས་པ་ཐོས་ན་རབ་ཏུ་དགའ་སྟེ། མོད་ལ་ཕྱི་རོལ་ཏུ་བྱུང་ནས་བསུས་ཏེ་ཕྱག
90b7 བྱས་སོ། །དཔེར་ན། ཕ་དང་། བུ་ཕྲད་པ་ཙམ་དུ་གཅིག་ལ་གཅིག་གིས་སྤྲོ་བའི་ཚིག་གིས་ཁྱེད་གང་ཕྱོགས་ནས་འོངས། ལམ་དུ་ཉོན་མ་མོངས་སམ། ཅི་འདོད། ཅི་སློང་ན




iiif viewer powered by OpenSeadragon

90a - 91a

Texts on this page

H359 - 'phags pa rgyal bu don grub kyi mdo