e-texts navigator
Collection
Volume
Page
Wylie

86a1 དང་། སྐོམ་པས་འཆི་བའི་དུས་མ་བྱེད་ཅིག་།དེ་དག་གིས་སྨྲས་པ། གང་གི་ཚེ་ལྷའི་དཔལ་དང་། སྐུ་དཔལ་དང་ལྡན་པར་གྱུར་པའི་དེའི་ཚེ། བདག་ཅག་ལྷའི
86a2 ཞབས་འབྲིང་ན་རྩེ་ཞིང་དགའ་ལ་ལོངས་སྤྱོད་པ་ལགས་ན། འདི་ལྟ་སྟེ། བདག་ཅག་ལྷའི་དུས་ཕྱི་མ་དང་། དུས་ཚོད་ཕྱི་མ་ཡོངས་སུ་བཏང་བ་ག་ལ་ཞིག་བཟོད། དེ་ནས་རྒྱལ་པོ
86a3 གསེར་མདོག་རབ་ཏུ་དུས་ཏེ་མཆི་མ་ཕྱུང་ངོ་། །མཆི་མ་དེ་ལེགས་པར་ཕྱིས་ནས་རྩིས་པ་དང་། སྣ་ཆེན་པོ་ལ་གཏོགས་པ་དང་། བློན་པོ་དང་། སྒོ་བ་དང་། འཁོར་རྣམས་ལ
86a4 འདི་སྐད་ཅེས་སྨྲས་སོ། །གྲོང་གི་གཙོ་བོ་དག་།རང་གི་གནས་ཇི་ལྟ་བ་བཞིན་དེངས་ཤིག་།ཐམས་ཅད་ཀྱིས་ཁང་བཟང་འདིར་བཀྲེས་པ་དང་། སྐོམ་པ་དག་གིས་འཆི་བའི་དུས་མ་བྱེད
86a5 ཅིག|་དེ་ནས་རྩིས་པ་དང་། སྣ་ཆེན་པོ་ལ་གཏོགས་པ་དང་། བློན་པོ་དང་། སྒོ་བ་དང་། འཁོར་རྣམས་རབ་ཏུ་དུས་ཏེ། མཆི་མ་ཕྱུང་ངོ་། །མཆི་མ་ལེགས་པར་ཕྱིས་ནས།
86a6 རྒྱལ་པོ་གསེར་མདོག་ག་ལ་བ་དེར་སོང་སྟེ་ཕྱིན་ནས། རྒྱལ་པོ་གསེར་མདོག་གི་རྐང་པ་གཉིས་ལ་ཕྱག་བཙལ་ཏེ། ཐལ་མོ་སྦྱར་ནས། རྒྱལ་པོ་གསེར་མདོག་ལ་འདི་སྐད་ཅེས
86a7 སྨྲས་སོ|་|བདག་ཅག་གིས་ལྷའི་ཞལ་ལྟ་བའི་ཕྱི་མ་དེང་ལགས་ཏེ་བདག་ཅག་གིས་གང་ཅུང་ཟད་ལྷའི་བཀའ་ལས་འགལ་བ་ཅི་བགྱིས་པ་བཟོད་པར་གསོལ་ལོ། །འདི་ལྟ་སྟེ།




iiif viewer powered by OpenSeadragon

85b - 86b

Texts on this page

H358 - gser mdog gi sngon gyi sbyor ba zhes bya ba