e-texts navigator
Collection
Volume
Page
Wylie

109b1 ཕོ་ཉ་འགུགས་སུ་བཏང་ངོ་། །དེ་ནས་ཕོ་ཉ་ཡི་གེ་ཐོགས་ཏེ། རྒྱལ་བུ་གང་ན་བ་དེར་སོང་ནས་ཕྱིན་པ་དང་རྒྱལ་བུ་ལ་ཡི་གེ་ཕུལ་ལོ། །རྒྱལ་བུས་ཡི་གེ་བླངས་ནས། མགོ་བོ་ས་ལ་གཏུགས་ཏེ་ཡི་གེ
109b2 ལ་ཕྱག་འཚལ་ནས་ལན་བདུན་བསྐོར་བ་བྱས་ཏེ། མོད་ལ་ཕྱིར་ཡུལ་དུ་འགྲོ་བར་ཆས་སོ། །དེའི་ཚེ་རི་དེ་ནས་ཆས་པ་དང་། རི་དེ་ལ་གནས་པའི་རི་དྭགས་དང་། གཅན་ཟན་ལ་སོགས་བ་རྒྱལ
109b3 བུ་འགྲོའོ་ཞེས་ཐོས་ནས། ཐམས་ཅད་ལུས་ས་ལ་བརྡབས་ནས། ས་ལ་འགྲོ་ཞིང་ངུ་བའི་སྐད་ཕྱུང་ངོ་། །ཆུ་མིག་རྣམས་ཀྱང་བསྐམས་ཏེ། གཅན་ཟན་དང་། རི་དྭགས་ཀྱི་ཕྲུ་གུ་ཡང་མི་ནུ་།
109b4 འདབ་ཆགས་བྱ་མང་པོ་ཡང་སྙིང་རྗེའི་སྐད་ཀྱི་སྒྲ་ཕྱུང་ངོ་། །དེ་ནས་རྒྱལ་བུ་གོས་གྱོན་ནས། བཙུན་མོ་དང་འགྲོགས་ཏེ། ཕྱིར་ཡུལ་དུ་སོང་བ་ལས། དགྲ་ཟླའི་ཡུལ་གྱིས་རྒྱལ་པོས། རྒྱལ་བུ
109b5 ཕྱིར་འོང་ངོ་ཞེས་ཐོས་ནས། བལ་གྱི་གླང་པོ་ཆེ་དཀར་པོ་ལ་གསེར་གྱི་སྒ་བསྟད་དེ། གསེར་གྱི་སྣོད་དུ་ནི་དངུལ་གྱི་ཉེའུ་ཡིས་བཀང་། དངུལ་གྱི་སྣོད་དུ་ནི་གསེར་གྱི་ཉེའུ་ཡིས་བཀང་པ
109b6 བཤམས་ནས། རྒྱལ་བུ་བསུ་བའི་ཕྱིར་ནམ་མཁའ་ལ་སྟོད་དེ། རྒྱལ་བུ་བསུས་ནས། རྒྱལ་པོའི་འཕྲིན་དུ་འདི་སྐད་ཅེས་གསོལ་ཏོ། །བདག་ནི་མི་ཤེས་མའི་དབང་དུ་གྱུར་ཏེ། རྒྱལ་བུ
109b7 ལས་བལ་གྱི་གླང་པོ་ཆེ་བསླངས་པས། དེའི་རྐྱེན་གྱིས་རྒྱལ་བུ་སྤངས་པར་གྱུར་པ་ད་འགྱོད་པས་ན། མཐོལ་ཚངས་སུ་གསོལ་ལོ། །ད་རྒྱལ་བུ་སླར་གཤེགས་ཞེས་ཐོས་ནས། རབ་ཏུ་དགའ




iiif viewer powered by OpenSeadragon

109a - 110a

Texts on this page

H359 - 'phags pa rgyal bu don grub kyi mdo