| | e-texts navigator
|
100b1 པ|་ཉེས་ན་ཁོ་བོ་ནི་གཅིག་གིས་བསད་ཀྱང་སླའོ། །ཁྱོད་ཤི་བར་མི་འདོད་དོ་ཞེས་སྨྲས་ནས་།ཁྱོད་ཀྱིས་བདག་སློང་དུ་འགྲོ་བར་དད་ན། ཁོ་བོའི་རྒྱགས་དང་། དགོས་པ་སྦྱོར་ཅིག་ཅེས
100b2 བསྒོའོ། །ཆུང་མས་སྨྲས་པ། ད་སོང་ཞིག་རྒྱགས་དང་དགོས་པ་ཡང་མེད་དོ་ཞེས་སྨྲས་ན། བྲམ་ཟེས་རྒྱགས་རང་སྦྱར་ཏེ། རྐང་པས་ལམ་དུ་ཞུགས་ཏེ་སོང་ངོ་། །དེ་ནས་བྲམ་ཟེ་ཡུལ་ཡ
100b3 བ་ཞེས་བྱ་བ་ག་ལ་བ་དེར་སོང་སྟེ། དེར་ཕྱིན་པ་དང་། རྒྱལ་པོའི་ཕོ་བྲང་གི་སྒོར་འོངས་ནས། སྒོ་སྲུང་བ་ལ། རྒྱལ་བུ་དོན་གྲུབ་ད་ལྟར་ག་ལ་འདུག་ཅས་དྲིས་པ་དང་། སྒོ་སྲུང་དེ་ཕོ་བྲང་གི
100b4 ནང་དུ་སོང་ནས། རྒྱལ་བུ་ལ་ད་ལྟར་ཕྱི་རོལ་ན། བྲམ་ཟེ་ཞིག་རྒྱལ་བུ་དོན་གྲུབ་ག་རེ་ཞེས་འདྲིའོ། །རྒྱལ་པོས་རྒྱལ་བུ་དོན་གྲུབ་ག་རེ་ཞེས་སྨྲས་པའི་ཚིག་ཐོས་པ་ཙམ་གྱིས་སེམས་འཁྲུགས་ཤིང
100b5 ཁྲོས་ནས། འདི་སྙམ་དུ་འདི་འདྲ་བ་ཤ་དག་གི་ཕྱིར་ངའི་སྲས་སྤངས་པར་གྱུར་ན། ད་ཡང་སློང་དུ་འོང་སྙམ་བསམས་ནས། དཔེ་འདི་སྐད་ཅེས་བརྗོད་པར་གྱུར་ཏོ། །དཔེར་ན། མེ་ནི་རང
100b6 བཞིན་གྱིས་ཚ་ཞིང་འབར་བ་ཡིན་ན། དེའི་སྟེང་དུ་ཤིང་བསྣན་པ་དང་འདྲ་སྟེ། བདག་ཀྱང་ད་ལྟར་མྱ་ངན་གྱིས་གདུངས་ཏེ་མེ་དང་འདྲ་བ་ལས། ད་ཡང་རྒྱལ་བུ་ག་རེ་ཞེས་འདྲི་བ་ནི་མེ
100b7 ལ་ཤིང་གིས་བསྣན་པ་དང་འདྲའོ། །བྲམ་ཟེས་གསོལ་པ། བདག་ནི་ལམ་རིང་པོ་ནས་འོངས་པ་ཡང་། རྒྱལ་བུ་རྒྱལ་ཚབ་མིའི་ཡིད་དང་མི་འགལ་བར་སྦྱིན་པ་བགྱིད་དོ་ཞེས་མིང་ཡང་སྙན
iiif viewer powered by OpenSeadragon
100a - 101a