e-texts navigator
Collection
Volume
Page
Wylie

498a1 པ་ནི་གཟུགས་ཡོད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་རོ། །ཇི་ལྟར་ལས་ཀྱིས་གཟུགས་མེད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་ཞེ་ན། དགེ་བ་བཅུའི
498a2 ཆོས་དང་། མི་གཡོ་བ་འཛིན་པ་བཞིའི་ཆོས་སྤྱད་ན་གཟུགས་མེད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་ཏེ། མི་གཡོ་བ་བཞི་ནི་གཟུགས་ཐམས་ཅད་ལས་འདས་ཏེ། རེག
498a3 པའི་མིང་ཐམས་ཅད་བརྗོད་དུ་མེད་པ་ནས། ཆོས་སྣ་ཚོགས་སྨྲ་བསམ་ལས་འདས་པར་ནམ་མཁའ་མཐའ་ཡས་པ་བསམས་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད
498a4 སྟེང་གི་མི་གཡོ་མི་འཛིན་པ་དང་། ནམ་མཁའ་མཐའ་ཡས་པའི་སྐྱེ་མཆེད་ཐམས་ཅད་ཀུན་ལས་འདས་ནས་རྣམ་པར་ཤེས་པ་མཐའ་ཡས་པ་བསམས་ནས་རྣམ
498a5 པར་ཤེས་པ་མཐའ་ཡས་པའི་སྐྱེ་མཆེད་སྟེང་གི་མི་གཡོ་མི་འཛིན་པ་དང་། རྣམ་པར་ཤེས་པ་མཐའ་ཡས་པའི་སྐྱེ་མཆེད་ཐམས་ཅད་ལས་འདས་ནས་ཅུང་ཟད་ཀྱང
498a6 མེད་པར་བསམས་ཏེ། ཅུང་ཟད་མེད་པའི་སྐྱེ་མཆེད་སྟེང་གི་མི་གཡོ་མི་འཛིན་པ་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་ལས་འདས་ཏེ། སེམས་མེད་པ་སེམས་མེད་པ་མ
498a7 ཡིན་པ་བསམས་ཏེ། སེམས་མེད་པ་དང་། སེམས་མེད་པ་མ་ཡིན་པའི་སྟེང་གི་མི་གཡོ་བ་འཛིན་པ་དང་ཆོས་འདི་བཞིས་ན་གཟུགས་མེད་པ་ན་སྤྱོད་པའི་ལྷར་སྐྱེ་བར




iiif viewer powered by OpenSeadragon

497b - 498b

Texts on this page

H345 - las kyi rnam par 'gyur ba zhes bya ba'i chos kyi gzhung