e-texts navigator
Collection
Volume
Page
Wylie

495b1 སྐྱེ་བར་འགྱུར་སྟེ། བཅུ་གང་ཞེ་ན། ཕ་མ་དྲན་པ། ཐར་པར་ཞུགས་པར་ཤེས་པ། བྲམ་ཟེར་ཤེས་པ། རིགས་ཀྱི་བཙུན་པ་ལ་བཀུར་བ། མཁན་པོ་དང་། བླ་མ་དང་། ཐར་པར
495b2 ཞུགས་པ་རྣམས་དང་། ཐར་པར་སྤྱོད་པ་གཞན་ལའང་སྟན་ལས་ལངས་ཏེ་སྤག་ཅིང་བསྟི་སྟང་རི་མོ་དང་། སྟན་ལ་སོགས་པ་སྟོབས་པ་དང་། ཕ་མ་ལ་སྲི་ཞུ་བྱེད་པ་དང་།
495b3 མཁན་པོ་དང་། བླ་མ་ཐར་པར་ཞུགས་པ་རྣམས་ལ་གཞན་ལའང་སྲི་ཞུ་བྱེད་པ། ཡ་རབས་དང་། མ་རབས་སུའང་ཁྱད་པར་མི་འབྱེད་ཅིང་སྙོམས་པ། ཡང་དག་པར་གཤེགས
495b4 པའི་མཆོད་རྟེན་གྱི་སྲོག་ཤིང་འཛུགས་པ། མེ་ཏོག་གི་ཕྲེང་བ་དང་། གདུགས་འཛུགས་པ་དང་བཅུའོ། །ཇི་ལྟར་ལས་ཀྱིས་དབུལ་པོར་འགྱུར་ཞེ་ན། ཆོས་བཅུས་ན་དབུལ
495b5 པོར་འགྱུར་ཏེ། བཅུ་གང་ཞེ་ན། མ་བྱིན་པར་ལེན་པ། མ་བྱིན་པར་ལེན་པར་འཇུག་པ། མ་བྱིན་པར་ལེན་པ་ལ་བསྟོད་པ། མ་བྱིན་པར་ལེན་པ་ལ་སྨོན་པ། ཕ་མ་ལ་འཚོ་བ
495b6 རྣམས་གཅོད་པ། མཁན་པོ་དང་། བླ་མ་དང་། ཐར་པར་ཞུགས་པ་རྣམས་ཀྱིས་གཙུག་ལག་ཁང་དང་། གནས་ཁང་དང་། མཆོད་ཅིང་སྤྱོད་པ་ཀུན་གཅོད་པ། གཞན་ཐོབ་ཏུ
495b7 མི་དགའ་བ། གཞན་གྱིས་མ་ཐོབ་ན་དགའ་བ། གཞན་གྱིས་ཐོབ་པ་ལ་བགེགས་བྱེད་པ། མུ་གེ་བྱུང་དུ་སྨོན་པ་དང་བཅུའོ། །ཇི་ལྟར་ལས་ཀྱིས་ཕྱུག་པོར་འགྱུར་ཞེ་ན། ཆོས་བཅུས




iiif viewer powered by OpenSeadragon

495a - 496a

Texts on this page

H345 - las kyi rnam par 'gyur ba zhes bya ba'i chos kyi gzhung