| | e-texts navigator
|
495a1 གྱིས་ཐོབ་པ་ལ་ཕྲག་དོག་མི་བྱེད་པ། གཞན་གྱིས་ཐོབ་ན་དགའ་བ། གཞན་གྱིས་མ་ཐོབ་པ་ལ་མི་དགའ་བ། གཞན་སྐྱིད་པ་དང་། གྲགས་པ་དང་། ཚིགས
495a2 སུ་བཅད་ཅིང་སྒྲས་བསྟོད་པ་མེད་པ་ལ་མི་དགའ་བ། གྲགས་པ་དང་། ཚིགས་སུ་བཅད་ཅིང་སྒྲས་བསྟོད་པ་ལ་དགའ་བ། བྱང་ཆུབ་ཀྱིས་སེམས་སྐྱེས་པར་བྱེད་པ། ཡང་དག་པར
495a3 གཤེགས་པའི་མཆོད་རྟེན་དང་། གནས་བྱེད་པ། དབང་ཆུང་ངུ་ལ་མི་དགེ་བའི་རྩ་བ་གཅོད་པར་བྱེད་པ། དབང་ཆེན་པོ་རྣམས་ལ་དགེ་བའི་རྩ་བ་སྐྱེད་པ་དང་བཅུའོ། །ཇི་ལྟར་ལས
495a4 ཀྱིས་མ་རབས་སུ་སྐྱེ་བར་འགྱུར་ཞེ་ན། ཆོས་བཅུས་ན་མ་རབས་སུ་སྐྱེ་བར་འགྱུར་ཏེ། བཅུ་གང་ཞེ་ན། ཕ་མ་ལ་ཕ་མར་མི་འཛིན་པ། དགེ་སྦྱོང་དུ་མི་ཤེས་པ། བྲམ་ཟེར་མི
495a5 ཤེས་པ། རིགས་ཀྱིས་བཙུན་པ་ལ་མི་བཀུར་བ། ཕ་མ་དང་། མཁན་པོ་དང་། བླ་མ་དང་། ཐར་བར་ཞུགས་པ་རྣམས་ལ་རིམ་གྲོ་དང་། བསྟི་སྟང་དུ་མི་བྱེད་པ་རྣམས་ཀྱང
495a6 མགྲོན་མི་གཉེར་བ། ཕ་མ་ལ་སྲི་ཞུ་མི་བྱེད་པ། མཁན་པོ་དང་། བླ་མ་དང་། ཐར་པར་ཞུགས་པ་རྣམས་ཁྱད་དུ་གསོད་ཅིང་སྲི་ཞུ་མི་བྱེད་པ། རིགས་ཆེན་པོ་ལས་སྐྱེས་པའི་གང
495a7 ཟག་རྣམས་སྤོང་བ། རིགས་ཆུང་ངུ་ལས་སྐྱེས་པའི་གང་ཟག་རྣམས་ལ་བཀུར་བ་འདི་དང་བཅུའོ། །ཇི་ལྟར་ལས་ཀྱིས་ཡ་རབས་སུ་སྐྱེ་བར་འགྱུར་ཞེ་ན། ཆོས་བཅུས་ན་ཡ་རབས་སུ
iiif viewer powered by OpenSeadragon
494b - 495b