e-texts navigator
Collection
Volume
Page
Wylie

493a1 ཀྱང་བདེ་ལ་སེམས་ཀྱང་བདེ་བར་འགྱུར་བའང་ཡོད། གང་ཟག་ལུས་མི་བདེ་ལ་སེམས་ཀྱང་མི་བདེ་བར་འགྱུར་བའང་ཡོད། གང་ཟག་ལས་འདི་ལྟ
493a2 བུ་འདུས་པས་ན་སེམས་ཅན་ངན་པའི་སར་ཡང་སྐྱེས་ཏེ། གཟུགས་ངན་པ་དང་། བཟང་པོ་དང་། སྡུག་གུ་དང་། ཁ་དོག་མཛེས་པ་དང་། མདོག་སྣུམ་པ་དང་། མཐོང་ན
493a3 དགའ་བའི་ལས་ཀྱང་ཡོད། གང་ཟག་ཡང་ལས་འདི་ལྟ་བུ་འདུས་པས་ན་ངན་པའི་སར་ཡང་སྐྱེས་ལ། གཟུགས་ངན་པ་དང་། ལུས་རྩུབ་པ་དང་། མི་སྡུག་པར་སྣང་བ
493a4 དང་། མཐོང་ན་ཡིད་དུ་མི་འོང་བའི་ལས་ཀྱང་ཡོད་དེ། མ་ན་བ། ཡང་འདི་ལྟ་སྟེ། མི་དགེ་བ་བཅུའི་ལས་ཀྱི་ལམ་བྱས་པའི་རྒྱུས་ཕྱི་རོལ་གྱི་ཡུལ་སའི་དོན་ངན་དུ
493a5 འགྱུར་བའང་ཡོད། དེ་ལ་ཇི་ལྟར་ལས་ཀྱིས་ཚེ་ཐུང་བར་འགྱུར་ཞེ་ན། ཆོས་བཅུས་ན་ཚེ་ཐུང་བར་འགྱུར་སྟེ། བཅུ་གང་ཞེ་ན། སྲོག་གཅོད་པ། སྲོག་གཅོད་དུ་བཅུག་པ།
493a6 སྲོག་གཅོད་པ་ལ་བསྟོད་པ། སྲོག་གཅོད་པ་ལ་སྨོན་པ། མངལ་གནས་མེད་པར་བྱེད་པ། མངལ་གནས་མེད་པར་བྱེད་དུ་བཅུག་པ། དགྲ་བོ་ལ་བསད་པར་སེམས་པ།
493a7 མི་མཛའ་བ་ཤིན་དགའ་བ། རྟེན་བཅས་ཤིང་སེམས་ཅན་བསད་པ། འཐབ་མོ་ལ་ལྟ་ཞིང་དད་པ་དང་བཅུ་སྟེ། ཆོས་འདི་བཅུས་ན་ཚེ་ཐུང་ཞིང་ནད་མང་བར་འགྱུར་རོ། །ཇི




iiif viewer powered by OpenSeadragon

492b - 493b

Texts on this page

H345 - las kyi rnam par 'gyur ba zhes bya ba'i chos kyi gzhung