e-texts navigator
Collection
Volume
Page
Wylie

485a1 བར་འགྱུར་བ་དང་། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་དེའི་ཚུལ་ཁྲིམས་ཀྱི་དྲིའི་ངད་ལྡང་བར་འགྱུར་བ་དང་། འཇིག་རྟེན་པ་རྣམས་འཁོར
485a2 ཞིང་འདུ་བར་འགྱུར་བ་དང་། ཡིད་དུ་འོང་བའི་ཆོས་རྣམས་འཐོབ་པར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ
485a3 ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། ཆོས་བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མེ་ཏོག་ཕུལ་བའི་ཕན་ཡོན་ནོ། །དེ་བཞིན་གཤེགས་པའི་མཆོད
485a4 རྟེན་ལ་ཕྲེང་བ་དབུལ་བའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན། འཇིག་རྟེན་ན་ཕྲེང་བ་ལྟ་བུར་འགྱུར་བ་དང་། ལུས་ཀྱི་དྲི་ང་བ་མེད་པར་འགྱུར་བ་དང་། ཕྱོགས་དང
485a5 ཕྱོགས་མཚམས་རྣམས་སུ་ཚུལ་ཁྲིམས་ཀྱི་དྲི་ཞིམ་པོའི་ངད་ལྡང་བ་དང་། རྟག་ཏུ་དྲི་ཞིམ་པར་འགྱུར་བ་དང་། བརྒྱན་པར་འགྱུར་བ་དང་། གཡོག་འཁོར་མི་ཕྱེད་པར
485a6 འགྱུར་བ་དང་། སྐྱེས་པ་དང་བུད་མེད་རྣམས་ཀྱི་ཡིད་དུ་འོང་བར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ
485a7 མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྲེང་བ་ཕུལ་བའི་ཕན་ཡོན་ནོ། །དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་དབུལ




iiif viewer powered by OpenSeadragon

484b - 485b

Texts on this page

H344 - rnam 'byed chung ba