e-texts navigator
Collection
Volume
Page
Wylie

483a1 པ་རྒྱ་ཆེ་བ་དང་། དྲི་བ་རྒྱ་ཆེ་བ་དང་། ཤེས་རབ་རྒྱ་ཆེ་བ་དང་། རྟོགས་པ་རྒྱ་ཆེ་བ་འཐོབ་པ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད
483a2 རྟེན་ལ་ཐལ་མོ་སྦྱར་བའི་ཕན་ཡོན་ནོ། །དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་འཚལ་བའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན། གཟུགས་བཟང་ཞིང་མདོག
483a3 གསེར་གྱི་ཁ་དོག་ལྟ་བུར་འགྱུར་བ་དང་། མཛེས་ཤིང་མིག་ཏུ་སྡུག་པར་འགྱུར་བ་དང་། སྐད་སྙན་ཅིང་གཟུང་བའི་ཚིག་ཏུ་འགྱུར་བ་དང་། བག་ཚ་བ་མེད་པར་འཁོར་གྱི
483a4 ནང་དུ་འགྲོ་བ་དང་། ལྷ་དང་མི་རྣམས་དགའ་བར་འགྱུར་བ་དང་། གཟི་བྱིན་ཆེན་པོར་འགྱུར་བ་དང་། གཟི་བྱིན་ཆེན་པོའི་གང་ཟག་འདི་ལྟ་སྟེ། སངས་རྒྱས་བཅོམ
483a5 ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་འགྲོགས་པར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་།
483a6 མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་འཚལ་བའི་ཕན་ཡོན
483a7 ནོ|་|དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་དར་བྱས་པའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན། གཟུགས་བཟང་བ་དང་། བལྟ་ན་སྡུག་པ་དང་། མཛེས་པ




iiif viewer powered by OpenSeadragon

482b - 483b

Texts on this page

H344 - rnam 'byed chung ba