e-texts navigator
Collection
Volume
Page
Wylie

453a1 དེའི་སྨོན་པ་དེ་འགྲུབ་པར་འགྱུར་རོ། །སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད
453a2 ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་གྱུར་ཅིག་ཅེ་ན། དེའི་སྨོན་པ་དེ་འགྲུབ་པར་འགྱུར་རོ། །གལ་ཏེ་འདོད་དེ། མ་ལ། ཀྱེ་མ་བདག་ཚངས་རིས་ཀྱི་ལྷ་རྣམས་དང་སྐལ་བ
453a3 མཉམ་པར་གྱུར་ཅིག་ཅེ་ན། དེའི་སྨོན་པ་དེ་འགྲུབ་པར་འགྱུར་རོ། །ཚངས་པའི་མདུན་ན་འདོན་པ་དང་། ཚངས་ཆེན་དང་། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་དང་།
453a4 དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། སྤྲིན་མེད་དང་། བསོད་ནམས་འཕེལ་བ་དང་། འབྲས་བུ་ཆེ་བ་དང་། མི་ཆེ་བ་དང་། མི་གདུང་བ་དང་། གྱ་ནོམ་སྣང་དང་།
453a5 ལེགས་པར་མཐོང་དང་། འོག་མིན་ལྷ་རྣམས་དང་སྐལ་པ་མཉམ་པར་སྐྱེ་བར་གྱུར་ཅིག་ཅེ་ན། དེའི་སྨོན་པ་དེ་འགྲུབ་པར་འགྱུར་རོ། །གལ་ཏེ་འདོད་དེ་ནམ་མཁའ་མཐའ་ཡས
453a6 སྐྱེ་མཆེད་ཀྱི་འདུ་ཤེས་སུ་ཉེ་བར་འགྲོ་བ་རྣམས་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་འདུ་ཤེས་སུ་ཉེ་བར་འགྲོ་བ་རྣམས་དང་། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདུ
453a7 ཤེས་སུ་ཉེ་བར་འགྲོ་བ་རྣམས་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་འདུ་ཤེས་སུ་ཉེ་བར་འགྲོ་བའི་ལྷ་རྣམས་དང་སྐལ་བ་མཉམ་པར་གྱུར་ཅིག་ཅེ་ན། དེའི




iiif viewer powered by OpenSeadragon

452b - 453b

Texts on this page

H343 - las rnam par 'byed pa