| | e-texts navigator
|
421b1 བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་། མིར་བཅས་པ་འདི་ལས་གྲོལ་བ་དང་། ངེས་པར་འབྱུང་བ་དང་མི་ལྡན་པ་དང་། རབ་ཏུ་གྲོལ་བ་དང་། ཕྱིན་ཅི་ལོག་དང་བྲལ་བའི་སེམས
421b2 ཀྱིས་མང་དུ་གནས་པར་མ་གྱུར་ཅིང་། དགེ་སློང་དག། ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བར་མ་ཤེས
421b3 སོ|་|དགེ་སློང་དག་། ངས་གང་ནས་འཕགས་པའི་བདེན་པ་བཞི་པོ་འདི་རྣམས་ལ་དེ་ལྟར་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་སུ་བསྐོར་བའི་མིག་སྐྱེས་ཤིང་།
421b4 ཤེས་པ་དང་། རིག་པ་དང་། བློ་དང་། རྟོགས་པ་སྐྱེས་པ་དེ་ནས་ང་ལྷ་དང་བཅས་པའི་འཇིག་རྟེན། བདུད་དང་བཅས། ཚངས་པ་དང་བཅས། དགེ་སྦྱོང་དང་། བྲམ་ཟེར་བཅས
421b5 པའི་སྐྱེ་དགུ་དང་། ལྷ་དང་། མིར་བཅས་པ་འདི་ལས་གྲོལ་བ་དང་། ངེས་པར་འབྱུང་བ་དང་མི་ལྡན་པ་དང་། རབ་ཏུ་གྲོལ་བ་དང་། ཕྱིན་ཅི་ལོག་དང་བྲལ་བའི་སེམས་ཀྱིས་མང་དུ
421b6 གནས་པར་གྱུར་ཅིང་། དགེ་སློང་དག་།ངས་དེ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བར་ཤེས་སོ། །ཆོས་ཀྱི
421b7 རྣམ་གྲངས་དེ་བཀའ་སྩལ་པ་ན་ཚེ་དང་ལྡན་པ་ཀཽཎྜི་ནྱི་དང་། ལྷ་བརྒྱད་ཁྲི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས
iiif viewer powered by OpenSeadragon
421a - 422a