e-texts navigator
Collection
Volume
Page
Wylie

392a1 དགའ་བོ། གཞན་ཡང་། དལ་བ་ཐོབ་པ་ནི་བསྐལ་པས་བྱེད་བ་བརྒྱར་ཡང་ཤིན་ཏུ་རྙེད་པར་དཀའ་བ་ཡིན་ཏེ། སངས་རྒྱས་འབྱུང་བ་ནི་དེ་བས་ཀྱང་ཆེས་རྙེད་པ
392a2 པར་དཀའ་བ་ཡིན་ནོ། །དགའ་བོ། ཐར་བར་འདོད་པ་རྒྱལ་པོའི་དྲང་སྲོང་རྣམས་དང་། གཞན་ཡང་། འཁོར་ལོས་བསྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་རྣམས
392a3 ཀྱང་བཙུན་མོའི་འཁོར་དང་བཅས་ཏེ། ས་བོར་ནས་རབ་ཏུ་བྱུང་ངོ་། །དེ་བཞིན་དུ་ཁྱིམ་བདག་དང་། བྲམ་ཟེའི་ཚོགས་གཞན་རྣམས་ཀྱང་ཁྱིམ་རྣམས་བོར་ནས་རབ་ཏུ་བྱུང
392a4 ངོ་། །དེ་ནས་བཅོམ་ལྡན་འདས་ལ་རིགས་ཀྱི་བུ་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ནི་ཁྱིམ་པར་མཆིས་ལ་སྦྱིན་པ་དག་སྩལ། བསོད་ནམས་དག
392a5 བྱི་ཞིང་། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལའང་བསྙེན་བཀུར་བགྱི་ཞིང་། ཆོས་གོས་དང་། བསོད་སྙོམས་དང་། གཟིགས་ཆ་དང་། སྣུན་གྱི
392a6 གསོས་སྨན་དང་། ཡོ་བྱད་རྣམས་ཀྱང་བསྒྲུབ་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པ་དག་བཅོམ་པ་ཡང་དག་པར་རྫོགས་པའི
392a7 པའི་སངས་རྒྱས་རྣམས་ཀྱིས་ཁམས་གསུམ་པ་གང་དག་ཡིན་པའི་འཇིག་རྟེན་གང་བར་གྱུར་ལ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་ཅན་ལས་ལོ་བ་རྒྱར་འདི་ལྟ




iiif viewer powered by OpenSeadragon

391b - 392b

Texts on this page

H332 - dga' bo rab tu byung ba'i mdo