| | e-texts navigator
|
391a1 ཡིན་ནོ། །འདོད་པའི་ཁམས་ལས་རྒལ་བར་བྱེད་པ་ཡིན་ནོ། །གཟུགས་ཀྱི་ཁམས་ལས་ཡང་དག་པར་རྒལ་བར་བྱེད་པ་ཡིན་ནོ། །གཟུགས་མེད་པའི
391a2 ཁམས་ལས་རྣམ་པར་རྒལ་པར་བྱེད་པ་ཡིན་ནོ། །དེ་དམ་པར་མྱ་ངན་ལས་འདས་པ་མཆོག་ཐོབ་པར་བྱེད་པ་ཡིན་ཏེ། དགའ་བོ། དེ་ནི་རབ་ཏུ་བྱུང་བ་ཞེས་བྱ་བའོ། །འཇིག་རྟེན
391a3 ཐམས་ཅད་ཀྱི་མིག་ལྟ་བུ་ཡིན་ནོ། །གཏི་མུག་གི་མུག་པའི་སྒྲོན་མ་ཡིན་ནོ། །རྒྱུད་དག་པར་བྱེད་པ་ཡིན་ནོ། །ཉོན་མོངས་པའི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཡིན་ནོ། །
391a4 ལམ་སྟོར་བ་རྣམས་ལ་ལམ་ཀུན་ཏུ་སྟོན་པ་ཡིན་ནོ། །ཆོས་ཐམས་ཅད་ཀྱི་དེ་ཁོ་ན་སྟོན་པ་ཡིན་ནོ། །མདུད་པ་ཐམས་ཅད་རྣམ་པར་གྲོལ་བར་བྱེད་པ་ཡིན་ནོ། །མ་རིག་པའི་མུན་པ
391a5 ཐམས་ཅད་སེལ་བར་བྱེད་པ་ཡིན་ནོ། །མི་ཤེས་པའི་རབ་རིབ་ཀྱི་སྒྲིབ་བའི་མུན་པ་རྣམས་འདྲལ་བར་བྱེད་པ་ཡིན་ནོ། །ལེ་ལོ་ཅན་རྣམས་བརྩོན་འགྲུས་ལ་རྩོམ་པར་བྱེད་པ་ཡིན་ནོ། །
391a6 ཚུལ་ཁྲིམས་ལ་ལྟུང་བ་རྣམས་སྐྱོ་བར་བྱེད་པ་ཡིན་ནོ། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་རྣམས་རབ་ཏུ་དགའ་བར་བྱེད་པ་ཡིན་ནོ། །བརྩོན་འགྲུས་བརྩམས་པ་རྣམས
391a7 མཆོག་ཏུ་དགའ་བ་ཡིན་ནོ། །ནང་དུ་ཡང་དག་འཇོག་ལ་མངོན་པར་དགའ་བ་རྣམས་རབ་ཏུ་དགའ་བ་ཡིན་ནོ། །རྣལ་འབྱོར་སྤྱོད་པ་རྣམས་མཆོག་ཏུ་ཆོག་ཤེས་པར་བྱེད
iiif viewer powered by OpenSeadragon
390b - 391b