| | e-texts navigator
|
390b1 གཅོད་པ་ཡིན་ནོ། །སྲེད་པའི་འཆིང་བས་བཅིངས་པ་རྣམས་རྣམ་པར་གྲོལ་བར་བྱེད་པ་ཡིན་ཏེ། དགའ་བོ། དེ་ནི་རབ་ཏུ་འབྱུང་བ་ཞེས་བྱའོ། །ཡང་དག་པའི་ལྟ
390b2 བའི་ཁྱིམ་ཡིན་ནོ། །ཐར་པའི་ཡང་དག་པར་སྡོམ་པ་ཡིན་ནོ། །མྱ་ངན་ལས་འདས་པ་ལ་བསྙེན་པ་ཡིན་ནོ། །རྒྱུན་ཉེ་བར་གཅོད་པ་ཡིན་ནོ། །ཉོན་མོངས་པ་རྣམས་སྲེག་པ་ཡིན
390b3 ནོ|་|ཕྲ་རྒྱས་རྣམས་འབྱིན་པ་ཡིན་ནོ། །ལྟ་བ་ངན་པའི་དྲ་བ་རྣམས་འཇིག་པར་བྱེད་པ་ཡིན་ནོ། །བདུད་ཀྱི་རྒྱལ་མཚན་སྙོལ་བ་ཡིན་ནོ། །བཟོད་པ་སྨྲ་བ་སྒྲེང་བ་ཡིན་ནོ། །འཁོར་བའི
390b4 འཁོར་ལོ་ལྡོག་པར་བྱེད་པ་ཡིན་ནོ། །ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད་པ་ཡིན་ནོ། །ནུ་ཞོའི་རྒྱ་མཚོ་སྐེམས་པ་ཡིན་ནོ། །རུས་པའི་རི་འཇིག་པར་བྱེད་པ་ཡིན་ནོ། །སྐྱེ་བ་དང་། རྒ་བ་དང་།
390b5 ན་བ་དང་། འཆི་བའི་མཐའ་ཡིན་ནོ། །ཕུང་པོའི་ཁུར་འཇོམས་པ་ཡིན་ནོ། །ཉོན་མོངས་པའི་འདམ་དུ་བྱིང་བ་རྣམས་འབྱིན་པ་ཡིན་ནོ། །ཁྱིམ་གྱི་གཟེབ་ཏུ་བཅིང་པ་རྣམས་རྣམ་པར
390b6 གྲོལ་བར་བྱེད་པ་ཡིན་ནོ། །གནོད་པའི་ཚོར་བ་རྣམས་ཟད་པར་བྱེད་པ་ཡིན་ནོ། །ཐེག་ཚོམ་རྣམས་དང་། ཉོན་མོངས་པའི་དྲི་མ་བརྟན་པོར་གྱུར་པ་རྣམས་གཅོད་པ་ཡིན་ནོ། །རྒ་ཤིས
390b7 འཇིགས་པ་རྣམས་དབུགས་འབྱིན་པ་ཡིན་ནོ། །སྡུག་པ་དང་། བྲལ་བཟད་པར་བྱེད་པ་ཡིན་ནོ། །འཁོར་བའི་སྡུག་བསྔལ་གྱིས་གཙེས་པ་རྣམས་ཀྱི་བདེ་བ་དང་། མི་འཇིགས་པའི་འགྲམ
iiif viewer powered by OpenSeadragon
390a - 391a