e-texts navigator
Collection
Volume
Page
Wylie

316a1 རྒྱ་མཚོ་དང་ནི་རི་རབ་དང་། །ས་རྣམས་བདག་གི་ཁུར་མིན་གྱི། །བྱས་པ་མི་གཟོ་གང་ཡིན་པ། །དེ་ནི་བདག་གི་ཁུར་ཆེན་ཡིན། །མི་གང་སེམས་ནི
316a2 མི་རྒོད་ཅིང་། །བྱས་པ་གཟོ་དང་བྱས་པ་ཚོར། །བྱས་པ་ཆུད་གཟོན་མི་བྱེད་པ། །དེ་དག་མཁས་པས་རབ་ཏུ་བསྔགས། །ཆོས་བདེ་བྱམས་པ་བདེ་བ་སྟེ། །འཇུག་དོགས་བདེ
316a3 བའི་ཆུ་ཀླུང་བཞིན། །གྲོགས་ལ་འཁུ་བ་མེད་པ་དང་། །ང་སྙེམས་ང་རྒྱལ་ཟད་པ་བདེ། །ཁེངས་དང་ཟོལ་བྱེད་ང་རྒྱལ་ཆེ། །སྡིག་པའི་གྲོགས་པོ་བསྟེན་པ་དང་། །སྟོབས
316a4 ལྡན་རྣམས་ལ་རྒོལ་བྱེད་པ། །དེ་དག་རྣམས་ཀྱི་གྲགས་པ་འཇིག་།དེ་ཕྱིར་ཁེངས་པར་མི་བྱ་སྟེ། །ཁྲོ་བ་རྣམ་པར་སྤང་བར་བྱ། །ཁེངས་དང་ཁྲོ་བ་འོངས་འགྱུར་ན། །གྲགས
316a5 པ་མཐའ་དག་འཇིག་པར་འགྱུར། །གང་ཞིག་རྒན་དང་བྱིས་པ་ནད་པ་དང་། ཉམ་ཆུང་ཐབས་སྟོར་དེ་བཞིན་དམན་པ་དང་། །རྒྱལ་པོས་སྤངས་དང་སྐྱབས་མེད་པ་དག་ལ།།
316a6 སྙིང་བརྩེ་མེད་པ་དེ་དག་མིར་མི་རུང་། །རང་གི་ཡུལ་འཁོར་གནས་སྤངས་ཏེ། །གཞན་གྱི་ལྗོངས་སུ་ཕྱིན་པ་ན། །ཚིག་ངན་སོ་སོར་ཟློག་པ་ལ། །བཟོད་པ་ཆེན་པོ་བྱ་དགོས
316a7 སོ|་|རང་གི་ཡུལ་ན་བརྙས་བཞིན་འདུག་པ་བས། །མི་རྣམས་གཞན་གྱི་ཡུལ་ན་གནས་ཀྱང་རུང་། །གང་ན་མི་རྣམས་གཞན་གྱིས་མི་བརྙས་ཏེ། །རང་གི་ཡུལ་ཡིན་དེ་དག་རང




iiif viewer powered by OpenSeadragon

315b - 316b

Texts on this page

H329 - klu'i rgyal po rnga sgra'i tshigs su bcad pa