| | e-texts navigator
|
308a1 གྱི་དཔུང་རྒྱན་འཆང་བ་དང་། །མགྲིན་པ་གསེར་གྱིས་ལེགས་བརྒྱན་པ། །བསྐོར་བའི་གོམ་པ་གཅིག་བོར་བའི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །གངས
308a2 ཀྱི་གླང་ཆེན་བརྒྱ་སྙེད་དག་། ལུས་ཆེན་ནམ་ཚོད་ཡངས་པ་དང་། །སྣ་ཡང་གཤོལ་མདའ་འདྲ་བའི་གླང་། །གསེར་དང་ནོར་བུས་བརྒྱན་པ་དང་། །བསྐོར་བའི་གོམ་པ་གཅིག
308a3 བོར་བའི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་གྱིས་གོམ་པ་གཅིག་བོར་བ། །ཛམྦུའི་ཆུ་ཀླུང་གསེར་སྲང
308a4 འབུམ་གྲངས་སྙེད། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་འཇིམ་གོང་གཅིག་བོར་བ། །ཛམྦུའི
308a5 ཆུ་ཀླུང་གསེར་གྱི་ཕོ་བྲང་འབུམ། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་མེ་ཏོག་སིལ་མ
308a6 སྤུངས། །ཛམྦུའི་ཆུ་ཀླུང་གསེར་སྣོད་འབུམ་བཞག་པ། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས
308a7 མེ་ཏོག་ཕྲེང་བ་ཐོགས། །ཛམྦུའི་ཆུ་ཀླུང་གསེར་ཁལ་བྱེ་བ་གཉིས། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །དགའ་བའི
iiif viewer powered by OpenSeadragon
307b - 308b