| | e-texts navigator
|
196a1 བཀའ་སྩལ་ཏོ། ཉེ་བར་འཁོར་ལ་སོགས་པ་དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །དགེ་སློང་ལ་རབ་ཏུ་གཅེས
196a2 པའི་མདོ་ཞེས་བྱ་བ་རྫོགས་སོ། ། །།རྒྱ་གར་སྐད་དུ། ཤྲཱི་ལ་སཾ་ཡུཀྟ་སཱུ་ཏྲ། བོད་སྐད་དུ། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ། ཐམས་ཅད་མཁྱེན་པ་ལ
196a3 ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་ན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན།
196a4 དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང
196a5 དག|་ཤེས་པ་ནི་འགྲིབ། སྲོག་ནི་ཆ་ད། ཚེའི་འདུ་བྱེད་ནི་ངེས་པར་འཇོམས་པར་འགྱུར་ན། ཅིའི་ཕྱིར་བརྩོན་འགྲུས་དང་། བརྟུལ་བ་བརྟན་པོས་སྒྲུབ་པར་མི་བྱེད། མིའི
196a6 ལ་ཨུས་ནི་ཤིན་ཏུ་རྙེད་པར་དཀའ་ན་དེ་ཐོབ་ནས་དེས་རྙེད་པའི་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་བའང་རྙེད་ན་ཐར་པའི་དོན་དང་མི་མཐུན་པ་དག་གིས་བསླུས་ཏེ་སྡུག་བསྔལ
196a7 བར་གྱུར་ཏ་རེ། དགེ་སློང་དག་།སྲོག་དང་བྲལ་ཞིང་ཤི་བ་ནི་སླ་ཡི། ཚུལ་ཁྲིམས་ཉམས་པ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྲོག་དང་བྲལ་བ་ནི་ཚེ་འདི་ཉིད་ཀྱི་སྐྱེ་བ་ཟད
iiif viewer powered by OpenSeadragon
195b - 196b